སིང་གྷ་ལན་བོད་ཡིག་སློབ་གྲྭའི་དྲ་རྒྱ་སྒོ་འབྱེད།

དྲ་རྒྱ་འདི་ནི་སནཌི་གྷལན་བོད་སློབ་འགན་འཛིན་གཙོས་བའི་དོན་གཉེར་ཅན་ཁག་ཅིག་གིས་ལོ་གཅིག་རིང་འབད་འབུངས་ལྷོད་མེད་བྱས་པའི་འབྲས་བུ་དང་། སུད་སི་ནང་གི་བོད་སློབ་ཁག་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཡོད་པའི་བོད་ཡིག་ལ་དོ་སྣང་ཡོད་རིགས་ཚང་མར་ལོ་གསར་པའི་ལེགས་སྐྱེས་སུ་བཏེགས་པའི་རྔན་པ་རྩ་ཆེན་ཞིག་ཡིན་ཞེས་འཁོད་འདུག

གནས་ཚུལ་མཁོ་འདོན་པའི་གསུང་གསལ་ལྟར་དྲ་རྒྱ་འདིའི་ནང་བོད་པའི་སྐད་དང་ཡི་གེ་ལ་དོ་སྣང་ཡོད་མཁན་རྣམས་ལ་བརྙན་རིས་ཀྱི་སྒོ་ནས་བོད་ཡིག་སློབ་ཁྲིད་དང་། ཞལ་འདོན། སྒྲུང་དང་། སྒྲུང་དེབ་སོགས་ཡིག་ཐོག་དང་སྒྲ་འཇུག་བྱས་ཡོད་པ་དང་། ད་དུང་སྔོན་འགྲོ་ནས་འཛིན་གྲྭ་ལྔ་པ་བར་དང་། རྒྱན་ཤེས། ཐ་སྙད། བརྡ་སྤྲོད། བོད་ཀྱི་དུས་ཆེན། ནང་ཆོས་ངོ་སྤྲོད།  གསུང་འཕྲིན། ལམ་རིམ་དང་སྤྱོད་འཇུག་གསུང་ཆོས་སོགས་ཡོད་པས་དོ་སྣང་གནང་ན་རྒན་གཞོན་གཉིས་ལ་ཕན་པའི་རེ་བ་དང་ཡིད་ཆེས་ཡོད། ང་ཚོས་ལས་ཀའི་ཞོར་དུ་ལོ་ངོ་གཅིག་ཙམ་གྱི་རིང་ཀུན་སློང་དང་དམིགས་ཡུལ་བཟང་པོ་ཞིག་ཁྱེར་ནས་འབད་སྒྲུབ་བྱས་ཡོད་པས་རྣམ་པ་ཚོར་ཐུགས་ཕན་གསོ་བའི་རེ་བ་དང་ལོ་གསར་བའི་ནང་རྣམ་པ་ཚང་མ་ཚེ་རིང་ནད་མེད་བསམ་དོན་ལྷུན་གྱི་འགྲུབ་པའི་སྨོན་འདུན་ཞུ། ཞེས་སོགས་བཀོད་འདུགདྲ་རྒྱའི་ཁ་བྱང་། http://www.phakay.org གཟིགས་གནང་ཡོང་བ་ཞུ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 4 སམས་རགས།