ས་ར་ཟླ་བ་རྒྱལ་མཚན་ནས་སུད་སི་མངའ་སྡེ་འབེ་ལི་ཛོ་ནར་ལས་འགུལ་སྤེལ་བ།

ཕྱི་ལོ་༢༠༡༣ ཟླ་བ་ ༦ ཚེས་ ༢༢ ཉིན་མངའ་སྡེ་འབེ་ལི་ཛོ་ན་ཉེ་འགྲམ་འཇུ་འབེ་ཡསེ་ཀོ་ས་གནས་ཟ་ཁང་མི་ལེ་ཕིའོ་རི་ཞེས་པར་ད་སྐབས་བོད་ནང་སྤུན་ཟླ་གྲངས་ ༡༡༩ སྐུ་ལུས་མེ་མཆོད་ཕུལ་བའི་ཛ་དྲག་གི་གནས་ཚུལ་གསལ་བསྒྲགས་ཡོང་ཆེད་དེ་སྔོན་བོད་རང་བཙན་ཡི་པའི་ལོ་རྒྱུས་ཕོ་ལི་ཡེ་འདྲ་པར་གཟིགས་འབུལ་ཞུ་རྒྱུ་དང་། སུད་སི་ཟློས་གར་ནས་བོད་ཀྱི་རིག་གཞུང་ལེའུ་དྲུག་གཟིགས་འབུལ་ཞུ་རྒྱུ་མ་ཟད་བོད་གཞུང་ཕྱི་འབྲེལ་ལས་ཁུངས་ནས་སྐུ་ལུས་མེ་མཆོད་འབུལ་མིའི་ལོ་རྒྱུས་སྙིང་བསྡུས་སྐར་མ་དྲུག་ཅན་ཨེ་ཊ་ལི་སྐད་རིགས་འདོན་གནང་མཛད་པ་དེ་གཟིགས་འབུལ་ཞུ་རྒྱུ་འཆར་གཞི་ལྟར་བྱུང་མ་སོང་། དེའི་རྒྱུ་མཚན་ནི་རང་ཉིད་གོ་སྒྲིག་བྱ་མི་དང་ཟ་ཁང་བདག་པོ་མཉམ་དུ་སྐད་ཆ་གསལ་པོ་མ་བྱུང་བ་དང་ས་གནས་སུ་མི་ཉུང་བ་དང་གཅིག ས་གནས་ཀྱི་ཚག་ཤོག་ནང་གསལ་བསྒྲགས་བྱས་པས་དབང་གི་མི་མང་ཙམ་ཕེབས་པའི་རེ་བ་ཡོད་ཀྱང་ལམ་ཁར་རླང་འཁོར་མང་བའི་དབང་གི་ང་ཚོ་དུས་ཐོག་ཏུ་མ་འབྱོར་བ་བརྟེན་མི་མང་བ་ལོག་སོང་བའི་ཚོགས་ཁང་དུ་གཟིགས་འབུལ་ཞུ་རྒྱུ་བྱུང་མ་སོང་། ཡིན་ཡང་ཟློས་གར་གྱི་དགེ་རྒན་དང་གསུང་སྒྱུར་བཅས་ང་ཚོ་གོ་བསྡུར་བྱུང་བ་བཞིན་ཟ་ཁང་བདག་པོའི་ས་གནས་སྐོར་སྲུང་བར་དཀའ་ངལ་གསལ་བཤད་གནང་མཐར་ཚོུད་གཅིག་ལྷག་ཙམ་ལམ་ཁ་གསུམ་མདོ་སྤང་ཐང་ཞིག་ཏུ་འཁྲབ་སྟོན་བྱ་བྱུང་བ་མ་ཟད། འཐུས་མི་ལྷན་ཚོགས་ནས་གཏན་འབེབས་གནང་བའི་ཡིག་ཆ་འགྲེམ་སྤེལ་དང་། བེུད་ལྷན་ཚོགས་ཀྱི་ཡིག་ཆ་བཅས་འགྲེམ་སྤེལ་བྱ་རྒྱུ་བྱུང་བར་བརྟེན་སུད་སི་ཟློས་གར་མི་གྲངས་༡༡དང་།  གསུང་སྒྱུར་ལམ་བྲག་པད་མའི་དུས་ཚོད་ཆུ་བཟོས་སུ་མ་འགྲོ་བ་དང་། ཕྲན་ས་ར་ཟླ་བ་རྒྱལ་མཚན་གྱི་འགྲོ་སོང་བཏང་པ་ཡང་ཕྲན་བུ་ཕན་ཐོགས་མཉམ་རུབ་ཀྱི་ལས་འགུལ་སྤེལ་ཐུབ་པ་བྱུང་སོང་བའི་གནས་ཚུལ་སྙིང་བསྡུས་སུ་ས་ར་ཟླ་བ་རྒྱལ་མཚན་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 4 སྡོམས་རོགས།