ས་གནས་ཧོར་གྷན་བོད་རིགས་མི་མང་ནས་མཆོད་འབུལ་ཞུས་པ།

༄༅།ད་རིང་ཟླ་བ་༥ཚེས་༢༥ཉིན་ས་གནས་ཧོར་གྷན་བོད་རིགས་མི་མང་ནས་སྤྱི་ཁང་དུ་དབུ་བཞུགས་སེར་བྱེས་མཁན་རིན་པོ་ཆེ་བློ་བཟང་བདེ་ལེགས་མཆོག་དང་སེར་བྱེས་དགེ་འདུན་རྣམས་པས་དབུས་མི་མང་ཡོངས་ནས་བོད་ཕྱི་ནང་གཉིས་སུ་རང་མི་རིགས་དང་རྒྱལ་ཁབ་ཀྱི་དོན་རང་གི་གཅེས་པས་སྲོག་སྦྱིན་པ་རྣམས་༸འཕགས་མཆོག་༸སྤྱན་རས་གཟིགས་ཀྱི་བདག་ཞིང་དུ་སྐྱེས་པ་དང་ གཉིས་ཕན་དབུ་མའི་ལམ་གྱི་ཐོག་མྱུར་བ་མྱུར་དུ་བོད་གཞིས་བྱེས་མཉམ་འཛོམས་ཡོང་བས་གསོལ་སྨོན་ཐོག་མཆོད་འབུལ་ཞུས་ཡོད་པ་རེད། ཟླ་བ་༥ཚེས་༢༦ནས་༣༠བར་ལོ་ལྟར་བཞིན་༸བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་སྐུ་ཚེ་མཛད་འཕྲིན་སྔར་ལྷག་གོང་འཕེལ་དང་བོད་ཀྱི་བདེན་མཐའ་མགྱོགས་ནས་མྱུར་དུ་སེལ་ཆེད་འབུམ་ལྗགས་ཀློག་གནང་འཆར་ཡོད་པ་རེད་འདུག།།། ཚོགས་ཁང་བསྟན་བློ་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 7 སམས་རགས།