ས་གནས་སྦེན་བོད་རིགས་ཚོགས་ཆུང་་གིས་ཞབས་རིམ་བསྒྲུབ།

ཟླ ༤ ཚེས་༢ རེས་གཟའ་སྤེན་པའི་ཉིན་སུད་སི་ས་གནས་སྦེན་བོད་རིགས་ཚོགས་ཆུང་གི་མི་མང་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གི་ཡ་རྒྱལ་ཆོས་རིག་ལས་ཁུངས་ནས་སྐུ་ཚབ་དོན་གཅོད་བརྒྱུད་སྤྱན་རས་གཟིགས་དང་སྟོན་པ་ཐུབ་པའི་དབང་བོའི་མཚན་སྔགས། དེ་བཞིན་གུ་རུ་འབྱུང་བཞིའི་གསོལ་འདེབས་རྒྱུན་བསྲིང་གསོག་སྒྲུབ་དང་གྲངས་ཐོ་དགོས་པའི་བཀའ་ནན་ཕེབས་པ་ལྟར་དང་།ལྷག་དོན་རྒྱལ་གཅེས་དཔའ་བོ་པདྨ་རྒྱལ་མཚན་ལགས་ཀྱིས་རང་ལུས་མེར་སྲེག་གི་ཡིད་སྐྱོའི་གནས་ཚུལ་དང་། དེ་བཞིན་ཁོང་དང་ཁོང་འདྲ་བའི་རྒྱལ་གཅེས་པ་འདས་གསོན་ཡོངས་དང་བོད་ཀྱི་བདེན་མཐའ་མྱུར་དུ་སེལ་ཕྱིར་སོགས་ལ་དམིགས་ཏེ་སྤྱན་རས་གཟིགས་ཀྱི་མཚན་སྔགས་གྲངས་༤༩༥༠༠།དང་སྟོན་པ་ཐུབ་པའི་མཚན་སྔགས་གྲངས་༤༩༥༠༠གུ་རུའི་གསོལ་འདེབས་ཚིག་བདུན་མ་གྲངས་༦༩༣། གུ་རུའི་མཚན་སྔགས་༤༩༥༠༠།དེ་བཞིན་སྒེར་པ་ནང་དུ་གསོག་སྒྲུབ་གནང་སྟེ་གྲངས་ཐོ་གནང་བ་སྤྱན་རས་གཟིགས་མཚན་སྔགས་༢༥༠༠།སྨན་ལྷའི་མཚན་སྔགས་མི་འདྲ་བ་གཉིས་༢༥༠+༢༥༠=༥༠༠། གུ་རུའི་མཚན་སྔགས་༥༦༢། བཅས་ས་གནས་སྦེན་གྱི་ཆོས་དང་རིག་གཞུང་འགན་འཛིན་དབུས་པའི་རྒྱུན་ལས་ལྷན་རྒྱས་ནས་གོ་སྒྲིག་འོག་དེ་ལྟར་གསོག་སྒྲུབ་བྱུང་པ་ཡིན་འདུག

གནས་ཚུལ་མཁོ་གཏོང་བ། ས་གནས་སྦརན་གྱི་འཐུས་མི། 

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 8 སམས་རགས།