ས་གནས་སྦ་སལ་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར།

༄༅། མཚུངས་མེད་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ས་གནས་སྦ་སལ་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ཕྱི་ལོ་  ༢༠༡༨  ཟླ་  ༦ ཚེས་ ༡༡ ཉིན་དགོང་དྲོ་ཕྱག་ཚོད་ ༡༥ ། ༣༠ ། ནས་ཕྱག་ཚོད་  ༡༩ བར་འབྲས་སྤུངས་སྒོ་མང་གྲ་ཚང་གིས་དགེ་བཤེས་བསོད་ནམས་ཟླ་བ་ལགས་ནས་སྒོམ་ཉམས་སུ་ལེན་ན་ལུས་སེམས་ཀྱི་འཕྲོད་བསྟེན་ལ་དགེ་མཚན་ཇི་ཡོད་དང་། ཇི་ལྟར་ཉམས་སུ་ལེན་ཚུལ། གཞན་ཡང་ཉིན་རེའི་འཚོ་བའི་ནང་དུ་སེམས་ཀྱི་འདུ་ཤེས་དང་སེམས་ཚོར་ཇི་ལྟར་འཛིན་དགོས་མིན་སྐོརདང་། སྒོམ་ཉམས་ལེན་བྱེད་ཚུལ་སོགས་ས་གནས་མི་མང་ལ་ངོ་སྤྲོད་དང་བཅས་དུས་ཚོད་དང་རྐྱེན་པའི་ས་གནས་མི་མང་ལ་ཕན་ཐོག་ཧ་ཀྱང་ཆེན་པོ་བྱུང་བའི་དམིགས་གསལ་དགེ་བཤེས་མཆོག་ལ་བཀའ་དྲིན་ཆེ་ཞུ་བ་དང་ཆབ་གཅིག་མ་འོང་ལོ་ཟླའི་ནང་མོང་ཙམ་ཕེབས་ཐུབ་པའི་སྨོན་འདུན་དང་བཅས་ས་གནས་སྦ་སལ་ཚོགས་ཆུང་ནས་གུས་འདུད་དང་བཀའ་དྲིན་བླ་མེད་དུ་ཆེ་ཞུ། དེའི་ཉིན་གོ་བསྒྲིགས་གསར་བསྒྲགས་བྱེད་པའི་དུས་ཚོད་ཉིན་མ་གཉིས་ལས་མེད་ཀྱང་དུས་ཚོད་དང་རྐྱེན་པའི་མི་མང་༢༠ ལྷག་ཕེབས་ཐུབ་པར་དང་། ས་གནས་ཚོགས་ཆུང་ནས་གཞེས་ལག་སྟབས་བདེ་བོ་དང་གསོལ་ཇ་གསོལ་ཆུ་རིགས་རིན་མེད་ཐོག་གོ་བསྒྲིགས་ཞུས་པ་དང་། ས་གནས་ཚོགས་གཞོན་རྒྱལ་མཚོ་ཚེ་རིང་མགོན་པོ་ནས་མཛད་རིམ་དང་འབྲེལ་བའི་ཐུགས་རྗེའི་ཆེ་གསུངས་བཤད་གནང་སོང་།ས་མཐུས་དང་ཚོགས་གཞོན་རྒྱུན་ལས་མགན་མཛིན་ཐུན་མོང་ཡོང་ནས།༢༠༡༨ །༠༦། ༡༡ ཉིན། གསར་འགོད་བཀྲ་ཤིས་རྣམ་རྒྱལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 1 སམས་རགས།