ས་གནས་སྦ་སལ་ཚོགས་ཆུང

༆། ། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ས་གནས་སྦ་སལ་ཚོགས་ཆུང་ནས་ ༢༠༡༨ ཟླ་༠༥ ཚེས ༢༦ རེ་གཟའ་སྤེན་པ་ཉིན་གུང་ཕྱག་ཚོད་༡༥ ནས་ ༡༩ བར་དབུས་བོད་མའི་བསྒྲིགས་མཛུགས་ཆོས་རིགས་ལས་ཁུང་ནས་བཀའ་ལྟར་སྤྱི་ནོར་གོང་ས ༧ སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱལ་བསྟན་ཅིང་ཐུགས་ཀྱིས་གཞན་དོན་མཐའ་དག་གེགས་མེད་ཡིད་བཞིན་འགྲུབ་པར་དང་། རིགས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམ་སྐུ་ཚེ་བསྟན་པར་དང་། བོད་རྒྱལ་ཁབ་དང་མི་རིགས་ཆེད་དུ་རང་སྲོག་བླུས་གཏོང་པའི་རྒྱལ་བཅེས་དཔའ་བོ་དང་དཔའ་མོ་རྣམ་ལ་གདུང་སེམས་མཉམ་བསྐྱེད་དང་། བོད་མའི་སྤྱི་མཐུན་བསོད་ནམས་གང་འཕེལ་ཡོང་པའི་ཆེད་གང་ཚེས་ཉིན་ས་གནས་མི་མང་ལྔ་བཅུ་ལྷག་ནས་སྨོན་ལམ་དང་ཞབས་རིམ་གསོག་བསྒྲུབས་ཞུས་སོང།  ཞབས་རིམ་ཡོང། ཐུབ་པའི་མཚན་སྔགས་གྲངས། ༣༡༢༠༠ ། སྤྱན་རས་གཟིགས་ཀྱི་མཚན་བསྔགས་གྲངས། ༤༡༦༠༠ ། དམ་ཚིག་རྡོ་རྗེའི་མཚན་བསྔགས་གྲངས།༡༥༦༠༠ ། ཨོ་རྒྱན་པདྨ་འབྱུང་གནས་མཚན་བསྔགས་གྲངས། ༢༦༠༠༠ སོགས་ཞུས་སོང་བཅས།ས་གནས་འཐུས་མའི་མགོན་པོ་རྡོ་རྗེ་ཚང་ཟླ་བ་ནས་ ༢༠༡༨། ༠༥ །༢༧ ཉིན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 6 སམས་རགས།