ས་གནས་སོ་ལོ་ཐོརན་ཚོགས་ཆུང་ནས་བོད་བསྟན་སྲིད་ཆེད་ཞབས་རིམ།

༢༠༡༣ ཕྱི་ཟླ ༡༡ ཚེས ༡༧ ཉིན་ས་གནས་སོ་ལོ་ཐོརན་ཚོགས་ཆུང་གི་མི་མང་རྣམས་ཀྱིས་ཟླ་རེ་བཞིན་བོད་བསྟན་སྲིད་ཆེད་ཞབས་རིམ་སྒྲུབ་བཞིན་པ་ལྟར། གོང་ཚེས་ཉིན་ས་གནས་ཚོགས་ཆུང་གི་འཐུས་མི་ཚ་བ་བསོད་ནམས་དར་རྒྱས་གཙོས་པའི་ས་གནས་མི་མང་དྲུག་བཅུ་ལྷག་གིས་ཉེ་བའི་འཆར་བོད་ནང་རྒྱལ་གཅེས་དཔའ་པོ་ཨ་སྐྱོང་དགོན་པའི་གྲྭ་ཚེ་རིང་རྒྱལ་ལགས་ནས་རང་ལུས་མེར་སྲེག་གིས་སྐུ་ཚེ་མ་ཟིན་པ་མ་ཟད། ད་ལྟའི་བར་བོད་བསྟན་པ་དང་ཆབ་སྲིད་ཀྱི་ཆེད་དུ་སྐུ་སྲོག་མཆོད་མེར་འབུལ་གནང་མཁན་བོད་ཕྱི་ནང་གཉིས་སུ་མི་གྲངས་ ༡༢༩ བྱུང་བ་རྣམས་ཀྱིས་གཙོས། བོད་མི་རིགས་ཀྱི་རང་དབང་བདེ་སྡུག་གི་ཆེད་དུ་དཀའ་བ་བརྒྱ་ཕྲག་སྤྱད་དེ་འདས་གྲོངས་སུ་གྱུར་བ་ཡོངས་ཀྱི་ཆེད་དུ་བསྔོ་སྨོན་སྐྱབས་འཇུག་དང་། མ་ཎི་བསགས་སྒྲུབ་བཅས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལས་བསགས་སྡིག་བསྟུང་བྱང་ཞིང་དག་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་པའི་ཐུགས་སྨོན་ཤུགས་དྲག་གནང་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 5 སྡོམས་རོགས།