ས་གནས་སོ་ལོ་ཐོན་ཚོགས་ཆུང་གིས་བོད་བསྟན་སྲིད་ཆེད་བསྔོ་སྨོན།

ཕྱི་ཟླ་༤ཚེས་༢༨ ཉིན་སུད་སུ་ས་གནས་སོ་ཐོན་ཚོགས་ཆུང་གིས་བོད་བསྟན་སྲིད་ཆེད་སྐུ་ལུས་མཆོད་མེར་ཕུལ་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་ཞལ་འདོན་བསྔོ་སྨོན་བསྡུས་པ་ཞིག་ཚོགས་སོང་།སུད་སི་ས་གནས་སོ་ལོ་ཐོན་ཚོགས་ཆུང་གི་མི་མང་རྣམས་ཀྱིས་ཟླ་བ་རེར་བོད་བསྟན་སྲིད་ཆེད་བསྔོ་སྨོན་ཐེངས་རེ་འཚོག་བཞིན་པ་ལྟར། དེ་རིང་ཕྱི་ཚེས༢༨ ཉིན་ས་གནས་མི་མང་ལྔ་བཅུ་ལྷག་མཉམ་འཛོམས་ཐོག་སྐུ་ལུས་མེར་མཆོད་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་གཙོས་བོད་བསྟན་སྲིད་ཆེད་དཀའ་བ་བརྒྱ་ཕྲག་སྤྱད་དེ་ཚེ་འདས་སུ་སོང་བ་ཡོངས་ཀྱི་ཆེད་དང་། ལྷག་དོན་བསྟན་སྲིད་མི་རིགས་མི་ཆེད་མཛད་རྗེས་རླབས་པོ་ཆེ་སྐྱོང་མཁན་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་སྐུ་ཚེ་བརྟན་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་ཆེད་བསྔོ་སྨོན་དང་མ་ཎི་གསོག་བསྒྲུབ་བཅས་གནང་སོང་། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 2 སྡོམས་རོགས།