ས་གནས་སེངགྷ་ལེན་གྱི་ཛ་དྲག་ཚོགས་འདུ་ལེགས་གྲུབ་བྱུང་།

སུད་སི་ལིག་ཏེན་སིཊ་ཡན་བོད་རིགས་མི་མང་ཚོགས་གཙོ་སྦྲེལ་བོས་འདི་གར་གསར་ཁང་ལ་གནས་ཚུལ་བཏང་འབྱོར་དང་། གསར་འགྱུར་འདི་བཞིན་ངེས་འཁོད་དགོས་པའི་བཀའ་ཕེབས་དོན་ལྟར་ན། ཟླ་༤ ཚེས་༡ ཉིན་ས་གནས་ཚོགས་ཆུང་ཚག་ཚུད་མེད་པའི་དཀའ་ངལ་ཁག་ཅིག་ལ་བརྟེན་སུད་སི་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་སྦྲེལ་བོས་སྟངས་འཛིན་འོག སུད་སི་དོན་གཅོད་མཆོག་གི་སྐུ་ཚབ་དང་སུད་སི་མི་མང་སྒྲིག་འཛུགས་ཀྱི་རྒྱུན་ལས་ཁག་ཅིག་བཅས་དབུ་བཞུགས་ཐོག་ས་གནས་དེར་ཛ་དྲག་གི་ཚོགས་འདུ་ཞིག་སྐོང་འཚོག་གནང་ཡོད་འདུག

དེ་ཉིན་ལས་རིམ་བཞིན་ཐོག་མར་ས་གནས་འཐུས་མི་བློ་བཟང་བསྟན་འཛིན་ལགས་ནས་ཚོགས་འདུའི་གསལ་བཤད་དང་། དེ་རྗེས་སུད་སི་ས་གནས་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས་ཚོགས་འདུ་སྐོང་དགོས་པའི་རྒྱུ་མཚན་དང་། གནད་དོན་ཐག་གཅོད་ཇི་དགོས་སྐོར། ཚོགས་འདུའི་ལས་རིམ་སྟངས་འཛིན་གནང་ཕྱོགས་སོགས་དང་འབྲེལ་མང་ཚོགས་ལ་གདུང་སེམས་དྲག་པོའི་ངང་སློབ་གསོ་གནང་བ་དང་། དོན་གཅོད་སྐུ་ཚབ་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས་ཀྱང་དེ་བཞིན་གྱི་སློབ་གསོ་གཟབ་རྒྱས་གནང་ཡོད་འདུག

སུད་སི་དང་ལིག་ཏེན་སིཊ་ཡན་བོད་རིགས་མི་མང་ཚོགས་གཙོ་མཆོག་གིས་མི་མང་ལ་ད་ལྟའི་བར་གནད་དོན་ཆུང་ཚག་རིགས་བྱུང་བ་ཁག་བོད་ཀྱི་རྩ་དོན་ཆེད་བློས་བཏང་དང་ཆིག་སྒྲིལ་གནང་ཐོག་དེ་རིང་འདིར་གཙང་བཟོ་དང་མེད་པ་གནང་དགོས་སྐོར་དང་། ད་ཕྱིན་གནད་དོན་འདི་རིགས་མི་ཡོང་བའི་འགན་འཁུར་ས་གནས་འཐུས་མི་གཙོས་པའི་མི་མང་ཚང་མར་ཡོད་པ་ཡིན་སྟབས། མི་མང་ཚོས་ཀྱང་དེ་ལྟར་གནང་གལ་དགོས་པའི་འབོད་སྐུལ་ནན་ཏན་ཞུས་པ་བཞིན། མང་ཚོགས་ནས་ཀྱང་ཚ་ཚ་འུར་འུར་ཐོག་མོས་མཐུན་གནང་བའི་ཡི་རང་བསྔགས་བརྗོད་ཞུ་བའི་གནས་སུ་གྱུར། ཞེས་དང་། དེ་རྗེས་མང་མོས་ཀྱི་ལམ་ནས་འཐུས་མིའི་ལས་རོགས་དང་། འཐུས་མི་གཞོན་པ། དྲུང་ཡིག བོད་སློབ་དང་རིག་གཞུང་འགན་འཛིན། དངུལ་གཉེར། རྩིས་པ། གཉེར་པ་བཅས་རྒྱུན་ལས་རྣམས་གཏན་འབེབ་གནང་སྟེ་ཚོགས་འདུ་ལེགས་གྲུབ་བྱུང་ཡོད་འདུག

གནས་ཚུལ་མཁོ་གཏོང་བ། ཚོགས་གཙོ་བསྟན་འཛིན་སྙིང་པོ། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 2 སམས་རགས།