ས་གནས་ལུ་ཛཱན་གྱིས་མཆོད་འབུལ་སྨོན་ལམ།

།ས་གནས་ལུ་ཛཱན་གྱི་མཆོད་འབུལ། ༢༠༡༧/༡/༧ ཉིན་སུད་སི་བོད་མི་ས་གནས་ལུ་ཛཱན་ཚོགས་ཆུང་ནས་དེ་ཉིན་ཚོགས་འདུ་དང་འབྲེལ་ད་ལམ་རྨ་ཆུ་རྫོང་ནས་རང་ལུས་མེར་བསྲེགས་རྒྱལ་གཅེས་དཔའ་བོ་བཀྲ་ཤིས་རབ་བརྟན་མཆོག་གིས་འབོད་སྒྲ་ཡང་"༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག།

རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས།" ཅེས་ཁོང་རྣམས་པས་ཞལ་ཆེམས་དང་འབོད་སྒྲ་ནི་རྟག་ཏུ་ཡིད་ལ་བཅང་སྟེ་བོད་མི་རྣམས་ལྷག་བསམ་གོང་བུ་གཅིག་སྒྲིལ་གྱིས་ལང་ཕྱོགས་དེ་བརྟན་པོ་དང་ཤར་བསྐྱོད་མངོན་མཚོན་དུ་འདི་ག་ས་གནས་ལུ་ཛཱན་ཚོགས་ཆུང་ནས་ཀྱང་བོད་དང་བོད་མིར་རྩ་དོན་སླད་བོད་ཕྱི་ནང་ཡོངས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་དམིགས་ཏེ་གོང་ཚེས་ཉིན་རྒྱབ་ནས་དགོང་དྲོ་ཚོུད་༦:༠༠ བར་མཆོད་འབུལ་དང་མ་ཎི་ཡིག་དྲུག་དང་བཛཱ་གུ་རུ་༧རྒྱལ་བའི་ཞབས་བརྟན་དང་བདེན་ཚིགས་སྨོན་ལམ་བཅས་བསྔོ་སྨོན་གང་ཐུབ་ཞུ་རྒྱུ་འབྱུང་བའི་གནས་ཚུལ་མདོར་བསྡུས་ཙམོ།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 7 སམས་རགས།