ས་གནས་ལའོ་སན་དུ་ནང་ཆོས་ངོ་སྤྲོད་དང་བོད་དོན་སློབ་གསོ།

༢༠༡༧ ལོའི་ཟླ ༤ ཚེས་༡༥ རེས་གཟའ་སྤེན་པའི་ཉིན་སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་གི་ལས་འཆར་བཞིན། སུད་སི་ས་གནས་ལོའོ་སན་ནང་རི་ཁོན་མཁན་རིན་པོ་ཆེ་མཆོག་དང་། སུད་སི་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་རྣམ་གཉིས་ཆེད་ཕེབས་གནང་ཞིང་། ས་གནས་འཐུས་མི་གཙོས་ས་གནས་མི་མང་རྣམས་མཉམ་ཞུགས་གནང་ཏེ་ས་གནས་མི་མང་ཚོར་ནང་ཆོས་ངོ་སྤྲོད་དང་བོད་དོན་བགྲོ་གླེང་གནང་ཡོད་འདུག

ས་གནས་ལའོ་སན་གྱི་འཐུས་མི་བསྟན་འཛིན་ལྷ་མོ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བའི་ནང་འཁོད་དོན།   ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་༡༥ ཉིན་ཐོག་མར་ས་གནས་འཐུས་མི་ནས་དབུ་འབྱེད་གསུང་བཤད་དང་།  དེ་ནས་ས་གནས་ལའོ་སན་དུ་ནང་ཆོས་ངོ་སྤྲོད་དང་བོད་དོན་སློབ་གསོའི་བཀའ་སློབ་ལས་རིམ་ནང་རི་ཀོན་མཁན་རིན་པོ་ཆེ་མཆོག་ནས་སྤྱིར་ནང་ཆོས་ག་འདྲ་ཡིན་པ་དང་བྱེ་བྲག་བོད་གངས་ལྗོངས་སུ་ཆོས་བརྒྱུད་བཞིའི་སྐོར་དང་།  ནང་ཆོས་སོ་སོའི་ཉིན་རེའི་སྒོ་གསུམ་གྱི་བྱེད་ཚུལ་ནང་ཉམས་ལེན་དགོས་སྐོར་སོགས་ཀྱི་བཀའ་སློབ་གནང་བ་མ་ཟད་། མི་མང་ནས་དོ་སྣང་ཆེན་པོའི་སྦྱིན་པ་ཇི་ལྟར་གཏོང་དགོས་པ་སོགས་ཀྱི་དྲི་བ་ཚང་མར་མཁན་རིན་པོ་ཆེ་མཆོག་གིས་ཐུགས་སྙིང་རྗེ་ཆེན་པོས་གསལ་བཤད་ལན་འདེབས་རིམ་པ་བཞིན་གནང་།
དེ་ནས་ཉིན་རྒྱབ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་ཕེབས་ནས།  ང་ཚོད་བོད་པ་ཚོ་མང་ཆེ་ཤོས་བོད་ནང་ཡོད།  ང་ཚོ་ག་རེ་བྱས་ནས་ཕྱི་ཡི་རྒྱལ་ཁབ་འདྲ་མིན་དུ་ཡོད་རེད།  དེ་ཚོ་མཁྱེན་པ་གནང་དགོས་རྒྱུ་ཤིན་ཏུ་གལ་ཆེ།  བོད་ནང་མི་གྲངས་༡༤༦ གིས་རང་ལུས་མེ་སྲེག་བཏང་གནང་ཡོད་རེད།  ཁོང་ཚོ་དེ་འདྲ་གནང་ཐུབ་ས་ལ་ང་ཚོ་ཉིན་གཅིག་དང་ལས་འགུལ་སོགས་ནང་ཆ་ཤས་ལེན་ཐུབ་ཀྱི་ཡོད་མ་རེད། ཅེས་སོགས་གསུངས་གནང་བ་དང་། དེ་ནས་ལྷན་རྒྱས་ཚོས་འཐུས་མིས་འགོ་ཁྲིད་ནས་བོད་ཀྱི་ལོ་སར་སྲུང་བརྩི་ཞུས་པ་མ་ཟད་ཡུལ་མི་སྐུ་མགྲོན་མང་པོ་འདུག དེ་མ་ཟད་གཞས་སྣ་ཁྲབ་སྟོན་མ་བྱས་སྔོན་ལ་འགྲེལ་བརྗོད་གནང་རྒྱུ་དེ་དཔེ་ཡག་པོ་འདུག རྒྱུ་མཚན་ཁོ་བ་ཚོས་འཁྲབ་སྟོན་དེ་ག་རེ་སྐོར་ཡིན་མིན་ཤེས་རྟོགས་ཡོད་རེད།  དེ་མིན་ཁོང་ཚོ་མགོ་ཚོད་ཀྱི་མ་རེད། ཅེས་དང་། གཞན་ཕ་མ་བུ་ཕྲུག་བར་གྱི་འབྲེལ་ལམ་སོགས་ཀྱི་སྐོར་ལ་བཀའ་སློབ་གནང་ཡོད་འདུག

བོད་རིགས་མི་མང་གི་ཚོགས་གཙོའི་སྐུ་ཚབ་རྒྱུན་ལས་བོད་དྲུང་དཔལ་ལྡན་ལགས་ནས་ནང་ཆོས་ངོ་སྤྲོད་དེ་གལ་ཆེན་པོ་ག་འདྲ་ཡིན་པ་དང་། དེར་བརྟེན་རི་ཀོན་མཁན་རིན་པོ་ཆེ་མཆོག་དང་དོན་གཅོད་སྐུ་དངོས་གཉིས་ལ་ཐུགས་བྲེལ་དང་དུས་ཚོད་ཤིན་ཏུ་དཀོན་པོ་ཡོད་ནའང་ཐུགས་ཁུར་ཆེ་བཞེས་གནང་བཞིན་ཡོད་པ་མི་མང་གིས་མཁྱེན་དགོས་ཚུལ་བཀའ་སློབ་སོགས་རིམ་པར་གྲུབ་རྗེས། ས་གནས་ཐུས་མི་བསྟན་འཛིན་ལྷ་མོས་ཐུགས་རྗེ་ཆེ་ཞུས་དང་བཅས་ཏེ་མཇུག་བསྡོམས་གནང་ཡོད་འདུག

གནས་ཚུལ་མཁོ་གཏོང་བ།  ས་གནས་འཐུས་མི་བསྟན་འཛིན་ལྷ་མོ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 5 སམས་རགས།