ས་གནས་རི་ཀོན་ཚོགས་ཆུང་གིས་ས་ག་ཟླ་བར་མཆོད་འབུལ་ཞུས་པ།

ཕྱི་ཟླ་ ༦ ཚེས་ ༡༡ ས་ག་ཟླ་བའི་ཚེས་ ༡༠ ཉིན་རི་ཀོན་ཚོགས་ཆུང་མི་འཐུས་གཉིས་ནས་གོ་སྒྲིག་ཞུས་པས་ཞོགས་པ་ཕྱག་ཚོད་ ༩ ནས་༡༢ བར་ཚོགས་ཆུང་གི་ཚོགས་ཁང་སྐུ་རྟེན་གསར་པར་ཁྲུས་གསོལ་རབ་གནས་དང་འབྲེལ་གཙོ་ཆེར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་ཞབས་བརྟན་དང་ བོད་བསྟན་སྲིད་དར་རྒྱས་དང་སྐྱེ་འགྲོ་བདེ་ཐབས་འཛམ་གླིང་ཞི་བདེ་བཅས་ཀྱི་ཆེད་་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དབུས་རིས་མེད་དགེ་འདུན་རྣམ་པདང་ས་གནས་བོད་རིགས་མི་མང་གིས་༸རྒྱལ་བའི་ཞབས་བརྟན་དང་ ཚོགས་འཁོར་གཟབ་རྒྱས་དང་འབྲེལ་ཞབས་རིམ་ཁག་གསུངས་བསྒྲུབས་ཞུས་ཡོད་པ་རེད། ཉིན་དགུང་གསོལ་ཚིག་དང་ཉིན་རྒྱབ་ཕྱག་ཚོད་ ༡་༣༠ ནས་ ༣་་༠༠ བར་མ་ཎི་ཡིག་དྲུག་དང་གཟུངས་སྔགས་བསོགས་བསྒྲུབས་དང་བསྔོ་སྨོན་གནས་སྨིན་ཞུས་ཡོད་པ་རེད།འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 1 སམས་རགས།