ས་གནས་རི་ཀོན་ཚོགས་ཆུང་གི་རིག་གཞུང་འཁྲབ་སྟོན།

ལོ་ལྟར་ཝིན་ཊར་ཐུར་གྱི་ཉེ་འདབས་ས་གནས་སེན་དུ་ "seemer dorfet" གྲོང་གསེབ་དུས་སྟོན་ཞེས་པ་ཞིག་ཚོགས་སྲོལ་ཡོད་པ་ལྟར། འདི་ལོའི་དུས་སྟོན་གྱི་ཉིན་དང་སྟབས་བསྟུན་ཕྱི་ཟླ་ ༩ པའི་ཚེས་ ༤ ནས་  ༦ ཉིན་གསུམ་གྱི་རིང་ཀོན་ཚོགས་ཆུང་མཉམ་ཞུགས་ཀྱིས།  གྲོང་གསེབ་མི་མང་ལ་བོད་ཀྱི་རིག་གཞུང་དང་ཟས་སྣ་མོག་མོག་སོགས་འཚོང་འགྲེམས་ཀྱིས་རིག་གཞུང་ངོ་སྤྲོད་ཐུབ་པ་དང་།   དུས་སྟོན་དེའི་ཉིན་རི་ཀོན་བོད་ཡིག་སློབ་གྲྭའི་གཞོན་སྐྱེས་སློབ་མ་ཁག་ཅིག་དང་དགེ་རྒན་རྣམ་པ་མཉམ་ཞུགས་ཀྱིས་གཞས་སྣ་ཁྲབ་སྟོན་དང་། ཚོགས་མི་ཚོས་འགན་འཁུར་བཞེས་ནས་བོད་ཟས་འདྲ་མིན་འཚོང་འགྲེམས་ཀྱིས་ལས་འགུལ་ཡག་པོ་སྤེལ།  གཡས་གཡོན་ས་གནས་མི་མང་ཚོས་བོད་ཟས་མཆོད་པ་དང་། བོད་གཞས་ལ་ཐུགས་སྣང་ཆེན་པོས་གཟིགས་ཞིབ་གནང་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།   ས་གནས་རི་ཀོན་ཚོགས་འཐུས་ད་ཚེས་ལ་ཕུལ།།

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 8 སམས་རགས།