ས་གནས་རི་ཀོན་ཚོགས་ཆུང་གི་ཟླ་རེའི་ཚོགས་འདུ།

ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༦  ཉིན་ས་གནས་རི་ཀོན་ཚོགས་ཆུང་ཚོགས་འདུ་དང་།  མ་འོངས་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུའི་སྐོར།

ཐོག་མར་ས་གནས་འཐུས་མི་བརྡ་སྐྱེལ་ལྷག་པ་ཚེ་རིང་ལགས་ནས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་། འབྱུང་འགྱུར་ཚོགས་ཆུང་གི་ལས་འཆར་རྣམས་གསལ་བཤད་དང་སྦྲགས་ཟླ་རེ་ཚོགས་འདུ་ཇི་ཙམ་གལ་གནད་ཆེ་བའི་སྐོར་གསལ་བཤད་གནང་བ་དང་། 

དེ་རྗེས་ས་གནས་འོས་བསྡུ་ཚོགས་མི་ལམ་གྲགས་པདྨ་ལགས་ནས་ཡོང་རྒྱུའི་སྤྱི་འཐུས་དང་སྲིད་སྐྱོང་འོས་བསྡུ་སྐབས་འོས་འཕེན་པ་རྣམས་ནས་འོས་ཇི་ལྟར་འཕེན་དགོས་མིན་སྐོར་འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་གསལ་བཤད་རྒྱས་པ་གནང་། དེ་ནས་འོས་བསྡུའི་ཟུར་དཔང་སྤྱི་ཟུར་ཚེ་རིང་རྡོ་རྗེ་ལགས་ནས་སྤྱི་ཡོངས་འོས་བསྡུའི་སྒྲིག་གཞི་དོན་ཚན་ཁག་ཅིག་གསལ་བཤད་དང་། དོགས་འདྲི་བ་རྣམས་ལ་ལན་འདེབས་གསལ་བཤད་གནང་བ་བཅས། དེ་ཉིན་གྱི་ཚོགས་འདུར་ཚོགས་མི་བཞི་བཅུ་ཙམ་འཛོམས་འདུག་པ་ཚང་མའི་ཐུགས་སྣང་ཆེན་པོས་གསན་བཞེས་གནང་བ་བཅས་ཀྱི་གནས་ཚུལ་རགས་བསྡུས་སུ། ས་གནས་རི་ཀོན་མི་འཐུས་ནས་ཕུལ།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 4 སམས་རགས།