ས་གནས་ཛུག་ནང་ནང་ཆོས་ངོ་སྤྲོད་དང་བོད་དོན་སློབ་གསོ།

ཟླ་འདིའི་ཚེས་༡༢ ཉིན་སུད་སི་ས་གནས་ཛུག་ཚོགས་ཆུང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། རི་ཁོན་མཁན་རིན་པོ་ཆེ་མཆོག་དང་། སུད་སི་དོན་གཅོད་སྐུ་ངོ། སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་ཚོགས་གཙོ་བཅས་ས་གནས་ས་ཐོག་ཏུ་ཕེབས་ནས་མི་མང་༢༠་ནས་༤༠་ཙམ་ལ་ནང་ཆོས་ངོ་སྤྲོད་དང་བོད་དོན་སློབ་གསོའི་སྐོར་ནས་བཀའ་སློབ་གནང་གནང་ཡོད་འདུག

དང་པོ་མི་མང་ཚོགས་གཙོ་མཆོག་གིས་མི་མང་ལ་བཀའ་སློབ་གནང་གྲུབ་རྗེས། སྐུ་ངོ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ནས་བོད་དོན་སློབ་གསོའི་སྐོར་ནས་བཀའ་སློབ་བསྩལ་དོན། བོད་ཀྱི་རིག་གནས་དང་ཐུན་མོང་མ་ཡིན་པའི་ཡ་རབ་བཟང་སྤྱོད་རྒྱུན་འཛིན་གནང་གལ་ཆེ་སྐོར་དང་། མི་རིགས་འདྲེས་མའི་གཉེན་སྒྲིག་བྱེད་མཁན་ཚོ་བོད་པའི་སྤྱི་ཚོགས་ནང་མཐུན་ཐབས། བོད་པའི་བུ་ཕྲུག་ཚོ་ལ་མི་རིགས་སློབ་གསོ་ཡོང་ཆེད་ཕ་མ་ཚོས་འབད་བརྩོན་གནང་དགོས་པ་དང་། ས་གནས་བོད་ཡིག་སློབ་གྲྭར་མཉམ་ཞུགས་དགོས་པའི་སྐོར། སྐད་ཡིག་ནི་མི་རིགས་ཤིག་གི་སྲོག་རྩ་ཡིན་པས་མ་མཉམ་གོང་འཕེལ་ཡོང་ཐབས་དང་། བོད་པའི་སྤྱི་ཚོགས་ཆེ་ཆུང་གང་ལའང་དོ་སྣང་དང་བོད་པའི་སྤྱི་བའི་ལས་དོན་ལ་འགན་ཁུར་ཐུབ་མཁན་ཞིག་ཡོང་ཐབས་གནང་དགོས་པའི་བཀའ་སློབ་བསྩལ་ཡོད་འདུག

དེ་རྗེས་མཁན་རིན་པོ་ཆེ་མཆོག་གིས་ས་གནས་མི་མང་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་ཡོད་པ་དང་། དེ་ཡང་དང་པོ་ང་ཚོའི་ཉིན་རེའི་འཚོ་བའི་ནང་ནང་ཆོས་ཀྱི་ཕན་ཡོན་ཇི་ལྟར་ཡོང་གི་ཡོད་པའི་སྐོར་དང་། ནང་བའི་དོན་དང་། ནང་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་ཚུལ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ། མཆོག་གསུམ་གྱི་འགྲེལ་བཤད་བཅས་ཀྱི་སྐོར་ནས་བཀའ་སློབ་ཟབ་རྒྱས་གནང་ཡོད་འདུག

པར་པ། བཀྲ་ཤིས་རྣམ་རྒྱལ།

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 7 སམས་རགས།