ས་གནས་ཛུ་རིགས་ཚོགས་ཆུང་

ས་གནས་ཛུ་རིགས་ཚོགས་ཆུང་ནས་ ༢༠༡༨ ཟླ་༠༥ ཚེས ༢༦ རེ་གཟའ་ཉི་མཉིན་གུང་ཕྱག་ཚོད་ ༡༠ ནས་ ༡༥།༣༠ བར་དབུས་བོད་མའི་བསྒྲིགས་མཛུགས་ཆོས་རིགས་ལས་ཁུང་ནས་བཀའ་ལྟར་སྤྱི་ནོར་གོང་ས ༧ སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱལ་བསྟན་ཅིང་ཐུགས་ཀྱིས་གཞན་དོན་མཐའ་དག་གེགས་མེད་ཡིད་བཞིན་འགྲུབ་པ་དང་། རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམ་སྐུ་ཚེ་བསྟན་ཅིང། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་ཆེད་དུ་ སྟོན་པ་ཐུབ་པའི་དབང་པོའི་མཚན་སྔགས་གྲངས་ ༢༩༢༤༠༠ དང་དམ་ཚིག་རྡོར་རྗེའི་མཚན་སྔགས་གྲངས་༡༤༠༠༠སྤྱན་རས་གཟིགས་ཀྱི་མཚན་སྔགས་ ༥༠༩༥༠༠ བཛྲ་གུ་རུ་གྲངས་ ༣༥༠༠༠༧ རྒྱལ་བའི་ཞབས་བརྟན་རབ་འབྱམས་མ་བཅས་མི་མང་བཞི་བཅུ་ལྷག་ནས་སྨོན་ལམ་དང་ཞབས་རིམ་གསོག་བསྒྲུབས་ཞུས་སོང། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 9 སམས་རགས།