ས་གནས་གྷེ་ལྭ་རུ་སི་གནས་ཚུལ།
༄༅། ༸གོང་ས་མཆོག་གི་ཐུགས་རྗེ་འོད་ཟེར། བཙན་བྱོལ་སྒྲིག་འཛུགས་དང་སུད་སི་གཞུང་དང་རྒྱ་གྲམ་དམར་པོའི་བཀྲིན་ལ་རྟེན་ ༡༩༧༣ ལོར་སུད་སི་ཁྱབ་ཁོངས་གྷེ་ལྭ་རུ་སི་མངའ་སྡེའི་ཁུངས་སུ་བོད་མི་འབྱོར་བ་དང་། ༡༩༧༤ ལོར་ཚོགས་ཆུང་མི་མང་ནས་རེ་འདུན་ལྟར་སྐབས་དེའི་སྐུ་ཚབ་དོན་གཅོད་གནས་ནང་བློ་བཟང་ཆོས་འཕེལ་ལགས་ནས་ལིན་ཐལ་དུ་ཕེབས་ཏེ་་བོད་སློབ་གསར་འཛུགས་གནང་། ༡༩༨༤ ལོ་ནས་བཟུང་བོད་སློབ་འགན་འཛིན་བཞི་གསར་འདེམས་ཐོག་ལོ་གཉིས་རེ་ ༢༠༡༠ བར་རྒྱུན་འཛིན་གནང་། ༢༠༡༠ ནས་བཟུང་ས་གནས་འཐུས་མི་གཙོས་རྒྱུན་ལས་མི་བདུན་འོས་འདེམས་གྲངས་འབོར་བྱུང་བ་ལྟར་མི་བདུན་གྱི་ལས་འགན་ནི། འཐུས་མི། ཆོས་རིག།རིག་གཞུང་། བོད་སློབ། རྩིས་པ་གཉིས་དང་གཉེར་པ་བཅས་ལ་རྒྱུན་ལས་འགན་འཛིན་གཏན་འབེབ་གནང་བ་ལྟར། འདི་ཟླ་ ༡༢ ཚེས་ ༨ ཉིན་བོད་ཡིག་སློབ་གྲྭའི་སློབ་ཕྲུག་བཅོ་ལྔ་ནས་ལོ་འཁོར་ཡིག་ཚད་བཏང་བ་དང་། ཚེས་ ༢༡ ཉིན་སྔར་བཞིན་བོད་སློབ་སོ་ནམ་ལོ་གསར་དུས་སྟོན་ཉིན༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདུང་རྒྱ་སྤོས་སྣེ་གདན་ཞུ་མཛད། སློབ་ཕྲུག་དགེ་ལས་མི་མང་ཡོངས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་མྱ་ངན་ངག་བཅད་རྗེས་རྒྱལ་བའི་ཞབས་བརྟན་དང་བདེན་ཚིག་སྨོན་ལམ་གསུང་། བོད་སློབ་འགན་འཛིན་ནས་ལས་བསྡོམས་སྙིང་སྡུས་གསལ་བཤད་ཞུས། དེ་མཚམས་འདི་ལོ་ཟླ་བ་ ༤ པ་ནང་རི་ཀོན་ཆོས་འཁོར་དགོན་དུ་༸གོང་ས་མཆོག་ནས་སུད་སི་བོད་སློབ་ཡོངས་ལ་བཀའ་སློབ་གནང་བ་འོད་སྡེར་གཟིགས་འབུལ་ཞུས། དགོང་དྲོའི་ཞལ་ལག་རྗེས་སུད་སི་དང་། ལེཀ་ཏན་སིཊཡན་བོད་རིགས་མི་མང་ཚོགས་གཙོ་གང་གཞོན་བློ་བཟང་ལགས་ནས་ས་གནས་བོད་ཡིག་སློབ་ཕྲུག་ཚོར་ལོ་འཁོར་ཡིག་རྒྱུགས་བྱ་དགའ་བརྩལ་གནང་མཛད། དེ་ནས་ས་གནས་འཐུས་མི་དང་མི་མང་ཚོགས་གཙོས་གསུང་བཤད་ནང་དོན་དུ་དུས་ཆེན་ཁག་ཏུ་གསུང་བཤད་གནང་མི་ཚང་མས་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་བསྲུང་སྐྱོབས་གནང་གལ་ཆེ་བ་གསུང་བཤད་ལྟར་བོད་མི་མི་རེ་ངོ་རེས་ལས་འགན་ཡོད་པ་གསུང་བཤད་གནང་། བོད་སློབ་སྤྱི་ཁྱབ་འགན་འཛིན་དང་སུད་སི་ས་གནས་འགོ་འཛིན་རྣམ་གཉིས་ས་གནས་བོད་སློབ་ཀྱི་མཛད་སྒོར་དགོངས་པ་ཞུ་དོན་བོད་སློབ་འགན་འཛིན་དང་འཐུས་མིས་མི་མང་ལ་གསལ་བཤད་ཞུས། གཞིས་ལུས་བོད་མི་སེར་སྐྱ་ཕོ་མོ་གྲངས་ ༡༢༥ བོད་དོན་ཆེད་རང་ལུས་མེ་སྲེགས་གནང་བར་གདུང་སེམས་མཉམ་སྐྱེད་ཆེད་དུ་ས་གནས་ཀྱི་དུས་ཆེན་དང་དུས་དྲན་ཁག་ཏུ་གླུ་གཞས་གླུ་སྒར་སོགས་མེད་པ་ངང་རང་མོས་སྐུ་རྩེད་དང་།
མཐུན་སྒྲིལ་ཆེད་སྒོར་གཞས་ཕྲན་བུ་འཁྲབ་ནས་མཛད་སྒོ་འཇུག་བསྡོམས་འདྲ་པར་བཅས་ས་གནས་འཐུས་མི་ཁམས་པ་ཐུབ་བསྟན། བོད་སློབ་འགན་འཛིན་གཙོས་རྒྱུན་ལས་དང་སློབ་དགེ་ཐུན་མོང་ནས་ཕྱི་ལོ་ ༢༠༡༣ ཟླ་བ་ ༡༢ ཚེས་ ༢༦ ཉིན་ས་གནས་ཀྱི་གནས་ཚུལ་འབུལ་ལོ།།
ས་གནས་སུ་བོད་ཡིག་སློབ་ཕྲུག་བཅོ་ལྔ་ཡོད་པ་དང་། སློབ་དགེ་བཞི་ཡོད་པ་བཞིན་ས་གནས་ཁག་གཉིས་སུ་བདུན་ཕྲག་ནང་ཚོུད་གཉིས་རེ་བོད་ཡིག་སློབ་འཁྲིད་གནང་གི་ཡོད། སློབ་དགེ་ཟླ་བ་དོན་འགྲུབ་ལགས་སུ་སློབ་ཕྲུག་གཉིས། སློབ་དགེ་གྲགས་པ་ལགས་སུ་སློབ་ཕྲུག་ལྔ། སློབ་དགེ་ཀརྨ་བཀྲིས་ལགས་སུ་སློབ་ཕྲུག་བཞི་དང་། སློབ་དགེ་ས་ར་ཟླ་བ་རྒྱལ་མཚན་ལགས་སུ་སློབ་ཕྲུག་བཞི་བཅས་བསྡོམས་བཅོ་ལྔ་ཡིན་ཡང་ཡིག་ཚད་སྐབས་སུ་རུ་ཁག་གསུམ་ལས་མེད།
༡༽ སློབ་ཕྲུག་གཞོན་པ་གཉིས་ཀྱི་ལོ་འཁོར་ཡིག་རྒྱུགས་བརྒྱ་ཆ་ནི། ༼ དྲི་བར་བརྒྱ་ཆ་༢༠༽
༨༥ ཨང་རིམ་གཉིས་པ་དང་། ༧༧་༥ ཨང་རིམ་གསུམ་པ་ཡིན། ༼དཔོད་བྲིས་ལ་༢༠༽
༢༽ སློབ་ཕྲུག་འབྲིང་བ་དགུའི་ལོ་འཁོར་ཡིག་རྒྱུུགས་བརྒྱ་ཆ་ནི། ༼བར་སྟོང་ལ་༢༠༽
༩༢། ༩༡་༥། ༩༠་༥། བཅས་གསུམ་ནི་ཨང་རིམ་དང་པོ་ཡིན། ༼ཡིག་གཟུགས་ལ་༡༠༽
༨༩་༥། ༨༩། ༨༨་༥། བཅས་གསུམ་ནི་ཨང་རིམ་གཉིས་པ་ཡིན། ༼ཀློག་རྒྱུ་ལ་༣༠༽
༧༦། ནི་ཨང་རིམ་གསུམ་པ་ཡིན། ༦༥། ༦༢་༥། གཉིས་ནི་ཨང་རིམ་བཞི་པ་ཡིན།
༣༽ སློབ་ཕྲུག་ཆུང་བའི་ལོ་འཁོར་ཡིག་རྒྱུགས་ནི།
༨༢་༥། ནི་ཨང་རིམ་གཉིས་པ་དང་། ༧༧་༥། དང་ ༧༦་༥གཉིས་ཨང་རིམ་གསུམ་པ་ཡིན།
༥༧་༥། ནི་ཨང་རིམ་བཞི་པ་བཅས་སོ།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།