ས་གནས་གྷེ་ལཱ་རུ་སི་བོད་མིས་ཞབས་རིམ་བསྔོ་སྨོན་གནང་པ།

༄༅། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བརྙན་ནང་མདོ་སྨད་མགོ་ལོག་པདྨ་རྫོང་ཇོ་ནང་ཨ་སྐྱོང་དགོན་པའི་དགེ་འདུན་པ་ཚེ་རིང་རྒྱལ་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཚོུད་ལྔ་པ་ཡལ་མས་སུ་པདྨ་རྫོང་ཐོག་ནས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་སྐོར་ཚང་མས་མཁྱེན་གསལ།

སུད་སི་ལེཀ་ཏེན་སི་ཏེན་སིཊཡན་བོད་རིགས་མི་མང་ཚོགས་གཙོས་བཀའ་ཡིག་ཕེབས་དོན་ཚེ་རིང་རྒྱལ་གཙོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ནས་བོད་ཀྱི་རྩ་དོན་ཆེད་ད་བར་བོད་ནང་གྲངས་ ༡༢༢ ནས་རང་ལུས་མེར་བསྲེག་བཏང་མཁན་ཚོའི་ཆེད་དུ་ས་གནས་སོ་སོར་ཞབས་རིམ་བསྔོ་སྨོན་གནང་དགོས་བཀའ་ཕེབས་པ་ལྟར། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༣༠ ཉིན་སུད་སི་ས་གནས་གྷེ་ལཱ་རུ་སི་བོད་མིའི་རང་བདེན་ཚོགས་ཆུང་གི་འཐུས་མི་དང་ཆོས་རིག་འགན་འཛིན་སོགས་ནས་ན་ཆུང་དགེ་འདུན་པ་ཚེ་རིང་རྒྱལ་མཆོག་དང་།

སླར་ཡང་འདི་ཟླའི་ཚེས་ ༣ ཉིན་དཀོན་མཆོག་ཚེ་བརྟན་མཆོག་ནས་རྒྱ་ གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་གནང་བ་སོགས་བོད་ཕྱི་ནང་དུ་རང་ལུས་མེར་བསྲེག་གིས་སྐུ་ཚེ་མ་ཟིན་པ་རྣམས་ཀྱིས་ལས་བསགས་སྡིག་ལྟུང་བྱང་ཞིང་དག་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་པའི་ཐུགས་སྨོན་ཤུགས་དྲག་གནང་བ་བཅས་ལིན་ཐལ་ནས་ཆོས་རིག་འགན་འཛིན་རྟ་ར་འདོད་པ་བྱམས་པ་ལགས་དང་འཐུས་མི་ཁམས་པ་ཐུབ་བསྟན་ནས་ཟླ་ ༡༢ ཚེས་ ༠༥ འདྲ་དཔར་བཅས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 9 སམས་རགས།