ས་གནས་གྷེ་ལ་རུ་སི་ཚོགས་ཆུང་གི་བོད་ཡིག་སློབ་གྲྭ་ལོ་འཁོར་ཡིག་ཚད་དང་ཡི་ཤུ་དུས་ཆེན་ཀི་སི་མ་སེ་གུང་སེང་ལ་ལོ་གཅིག་གི་ལྷན་འཛོམས་སྐབས་ཀྱི་སྔོན་འགྲོའི་གཞས་སྣ་རིགས་སྦྱོང་བདར།
ཕྱི་ལོ་་༢༠༡༠ ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་ས་གནས་གྷེ་ལ་རུ་སི་ཚོགས་ཆུང་གི་བོད་ཡིག་སློབ་གྲྭའི་ལོ་འཁོར་ཡིག་རྒྱུགས་བཏང་བ་དང་། དེའི་ཉིན་སློབ་ཕྲུག་གྲངས་ ༡༢ དང་ལོ་ཚད་ ༦ ནས་ ༡༣ བར་ཡོད་པ་དང་། ས་གནས་འཐུས་མི་ཁམས་པ་ཐུག་བསྟན་ལགས་དང་སློབ་གྲྭའི་འགན་འཛིན་ཨ་འབྲུག་ཚང་བློ་བཟང་འཕྲིན་ལས། དགེ་རྒན་ས་ར་ཟླ་བ་རྒྱལ་མཚན་ལགས། སྤང་རིང་སྐལ་ལྡན་ལགས་དང་སྤང་རིང་ཚེ་རིང་བཅས་ནས་་ཕྲུ་གུ་རྣམས་ཀྱི་ལྟ་རྟོག་འོག་ཡིག་རྒྱུགས་ཚོུད་ ༡༠ ནས་འགོ་ཚུགས་ནས་ཚོུད་ ༡༢ བར་ཡིག་རྒྱུགས་ལེགས་གྲུབ་བྱུང་རྗེས་ཕྲུ་གུ་རྣམས་བཞེས་ལག་བདེ་དང་ཡིག་ཚད་ཀྱི་ཨང་རིམ་བྱ་དགའ་ལྷན་འཛོམས་དུས་ཆེན་ཉིན་འབུལ་རྒྱུ་དང་།
ཉིན་རྒྱབ་ལ་ཚོགས་ཆུང་གི་གཞས་སྣ་དང་ཕྲུ་གུ་རྣམས་ཀྱི་ཞབས་བྲོ་བཅས་སྦྱོང་བདར་དང་། ས་གནས་གྷེ་ལ་རུ་སི་གཞོན་ནུ་དང་རང་དབང་དང་ས་གནས་གྷེ་ལ་རུ་སི་གཡུ་མཚོ་བེུད་ཚོགས་པ་བཅས་ཀྱང་སྦྱོང་བདར་བྱེད་པ། ལྷན་འཛོམས་དུས་ཆེན་ཕྱི་ཟླ་ ༡༢ ཚེས་ ༢༥ དང་ ༢༦ ཉིན་གཉིས་རིང་ས་གནས་གྷེ་ལ་རུ་སི་ས་ཆ་རུ་ཏི་ “Mehrzweckhalle” Rüti” ཚོགས་ཁང་ནང་གཏང་རྒྱུ་ཐུགས་གཏན་འཁེལ་བས་དེའི་ཉིན་མི་མང་གང་མང་ཕེབས་ཐུབ་ན་དགའ་བསུ་ཡོད།། མཛད་རིམ་འདི་ནང་གཟིགས། འདྲ་པར་་
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།