ས་གནས་གྷི་ལ་རུ་སེ་ཚོགས་ཆུང་ནས་མཆོད་འབུལ།

༄༅། ཕྱི་ལོ་༢༠༡༣ ཟླ་༨ ཚེས་༨ ཉིན་ས་གནས་གྷི་ལ་རུ་སེ་ཚོགས་ཆུང་ནས་༸དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བཀའ་ཤག་ལྷན་རྒྱས་ནས་མཛད་འཁུར་བཞེས་ནས་ལོ་གཉིས་ཧྲིལ་པོར་འཁོར་བའི་དུས་ཡུན་དེའི་རིང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བྱིན་མཐུ་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་བཅས་ལ་བརྟེན་ནས་སྤྱི་དོན་མཛད་འཕྲིན་འགེགས་མེད་ལམ་ལྷོངས་བྱུང་བའི་བཀའ་དྲིན་རྗེས་དྲན་དང་། བོད་མིའི་རྩ་དོན་ཆེད་རང་ལུས་མེར་བསྲེག་གནང་མཁན་འདས་གསོན་ཡོངས་ཀྱི་ཆེད་དུ་བོད་མིའི་སྡོད་གནས་ས་གནས་སུ་སྨོན་ལམ་མཆོད་འབུལ་སོགས་བཀའ་ཁྱབ་ཕེབས་དོན་བཞིན་འབད་སྒྲུབ་ཞུས། ལྷག་པར་དུ་ཉེ་ཆར་༸མགོན་པོ་གང་ཉིད་བོད་ཀྱི་རྩ་དོན་ཆེད་སྐུ་མཚམས་གནང་ཡུན་རིང་བོད་མི་སེར་སྐྱ་མང་ཚོགས་ནས་ཤེས་རབ་སྙིང་པོ་དང་།   འཕགས་བསྟོད། མ་ཎི་བཅས་གསོག་འདོན་དགོས་ཕེབས་ལྟར་གོང་ཚེས་ཉིན་ཚོགས་ཆུང་མི་མང་ནས་སྨོན་ལམ་མཆོད་འབུལ་སྨིན་བསྒྲུབ་ཞུས་པ་བཅས། ས་འཐུས་ཁམས་པ་ཐུབ་བསྟན་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 5 སམས་རགས།