ས་ག་ཟླ་བའི་མཆོད་འབུལ།

ཕྱི་ལོ་༢༠༡༨ ཟླ་ ༥ ཚེས་༢༩ དང་བོད་ཟླ་བཞི་བའམ་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་སུད་སི་རི་ཀོན་ཆོས་འཁོར་དགོན་དུ་སུད་སི་དང་ལིག་དེན་སིཏཡན་བོད་རིགས་མི་མང་གིས་གོ་སྒྲིག་འོག་ས་ག་ཟླ་བའི་མཆོད་འབུལ་སྨོན་ལམ་འཚོགས་ཡོད་པ་རེད། དེ་ཡང་ས་ག་ཟླ་བ་ནི་བོད་བརྒྱུད་ནང་བསྟན་གྱི་དུས་མཆོད་གཙོ་བོ་ཞིག་ཡིན་པ་དང་ལྷག་པར་ཏུ་ས་ཟླའི་ཚེས་བཅོ་ལྔ་ཉིན་བདག་ཅག་གི་སྟོན་པ་ཤཱཀྱ་མུ་ནེ་ལྷུམས་སུ་ཞུགས་པ་དང་།སངས་རྒྱས་པ།མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་པ་ཁྱད་འཕགས་ཞིག་ཡིན་པས། རང་ཅག་གངས་ཅན་པ་རྣམས་ཀྱིས་དགེ་སྡིག་ཅི་བྱས་འབུམ་འགྱུར་རེད་ཅེས་པའི་གསུང་རྒྱུན་དེར་དམིགས་ནས་ཤ་མི་ཟ་བ་སོགས་ཡར་དཀོན་མཆོག་ལ་མཆོད་པ་དང་།མར་ངན་སློང་ལ་སྦྱིན་པ་སོགས་སྡུག་སྤོང་དགེ་སྒྲུབ་གྱི་ལས་ལ་འབད་བརྩོན་བྱེད་པ་རེད།
དེ་བཞིན་སུད་སི་ས་གནས་རི་ཀོན་ཆོས་འཁོར་དགོན་དུ་ཡང་རི་ཀོན་མཁན་རིན་པོ་ཆེ་ཚོགས་མགོན་དུ་བཞུགས་ནས།ཡོ་རོབ་གནས་བཞུགས་བོད་མི་མང་སྤྱི་མཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་གཙོས་སྤྱི་ཟུར་ཁག་ཅིག་དང་།ས་གནས་བོད་རིགས་མི་མང་ཚོགས་གཙོ་བཅས་མི་འབོར་ཉིས་བརྒྱ་ཙམ་ཞིག་འཛོམས་ནས།ཟབ་མོ་བླ་མ་མཆོད་པའི་ཆོ་ག་དང་བཅས་མཆོད་འབུལ་སྨོན་ལམ་ཞོགས་པའི་ཆུད་ཚོད་༩ནས་༡༢་༣༠བར་དུ་ཚོགས་ཡོད་པ་རེད།
མཐར་མཁན་རིན་པོ་ཆེ་མཆོག་ནས་ས་ག་ཟླ་བའི་དུས་ཆེན་ཁྱར་པར་ཅན་འདིའི་སྐོར་ལ་གསུང་བཤད་གནང་ནས་མཆོད་འབུལ་སྨོན་ལམ་གྲུབ་ཡོད་པ་རེད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 5 སམས་རགས།