ཤལ་ཧོ་སན།

སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མིང་མང་གི་ཁྱབ་ཁོངས་མངའ་སྡེ་ཤལ་ཧོ་སན་ས་གནས་སུ་ཕྱི་ལོ་༢༠༡༨༴༠༧༴༠༦ ཉིན། ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་རྒྱ་རྡོ་རིན་ཆེན་དང་རྒྱུན་ལས་རྣམས་ནས། གོ་སྒྲིག་ཞུས་ཏེ་སུད་སི་མངའ་སྡེ་དེའི་གཞུང་དམངས་གཉིས་ལ་ཐུགས་རྗེ་ལེགས་འབུལ་ཞིག་ཕུལ་ཡོད་པ་རེད།དུས་ཐོག་ཏུ་སྐུ་མགྲོན་གཙོ་བོ། སུད་སི་མངའ་སྡེ་ནང་གསེས་བློན་ཆེན་ Mr Walter Volgelsanger, མཆོག་དང་། མངའ་སྡེ་རིགས་གཞུང་འགན་འཛིན། ས་ཁུལ་སོ་སོའི་གྲོང་སྡེ་ཁག་ཉི་ཤུ་རྩ་དྲུག་གི་གྲོང་སྡེ་དཔོན་པོ་རྣམས་དང་། རྒྱ་ཁྲམ་དམར་པོའི་ཚོགས་པའི་མགོ་དཔོན། མངའ་སྡེ་སྣེ་ལེན་ཁང་གནད་ཡོན་འགན་འཛིན། གཞན་ཡང་། བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ཆོས་རིགས་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས། ཡོ་རོབ་བོད་རིགས་མི་མང་སྤྱི་འཐུས་བསམ་མདོ་བྱམས་པ་ཚེ་རིང་། སུད་སི་དོན་གཅོད་དངོས་གྲུབ་རྡོ་རྗེ། སུད་སི་བོད་རིགས་མི་མང་ཚོགས་གཞོན་ཆོས་བྱམས་པ་ཕུན་ཚོགས། རི་ཀོན་མཁན་པོ་ཐུབ་བསྟན་ལེགས་སྨོན་བཅས་དང་། ས་གནས་གནད་ཡོད་མི་སྣ་བརྒྱད་བཅུ་ལྷག་ལྷན་འཛོམས་ཐོག། སུད་སི་བོད་རིགས་མངའ་ཁོངས་ས་གནས་བོད་རིགས་མི་མང་ནས། ཤལ་ཧོ་སན་མངའ་སྡེ་ནང་གསེས་བློན་ཆེན་གཙོས་པའི་སུད་སུ་གཞུང་དམངས་གཉིས་ལ་ཐུགས་རྗེ་ལེགས་འབུལ་ལེགས་སྐྱེས་ཤིག་ཕུལ་ཡོད་པ་རེད།

ཤལ་ཧོ་སན་ས་གནས་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 5 སམས་རགས།