རྗེ་བཙུན་འཕགས་མ་སྒྲོལ་མའི་རྗེས་གནང་བསྩལ་བ།

དེ་རིང་ཕྱི་ཟླ་ལྔ་བའི་ཚེས་ ༢༣ ཉིན་སུད་སི་དང་ལེཀ་ཏེན་སིཊཡན་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་གིས་གོ་སྒྲིག་འོག། དཔལ་ལྡན་རྒྱུད་སྨད་གྲ་ཚང་གི་མཁན་ཟུར། སེར་བྱེས་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་དཔལ་བཟང་པོ་མཆོག་དབུ་བཞུགས་ཐོག་སུད་སི་ས་གནས་ Wädenswil Zürich ལྷར་བཅས་སྲིད་ཞིའི་གཙུག་ནོར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པར་བཀའ་དྲིན་རྗེས་དྲན་དང་། མགོན་པོ་གང་ཉིད་ཀྱི་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཇི་བཞིན་གེགས་མེད་ལྷུན་གྱི་འགྲུབ་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ། བོད་བསྟན་སྲིད་མི་རིགས་བཅས་ཀྱི་ཆེད་དུ། རང་གི་ཤིན་ཏུ་པའི་གཅེས་པའི་ལུས་ཕུང་ཚུན་ཆད་མེ་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་རྣམས་ལ་བསྔོ་སྨོན་བཅས་ཀྱི་ཆེད་དུ། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག།  ༧སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གིས་ཞལ་སྔ་ནས་དགེ་འདུན་པ་རྣམས་དང་མི་མང་གསུམ་བརྒྱ་ཙམ་ལ་རྗེ་བཙུན་འཕགས་མ་སྒྲོལ་མའི་རྗེས་གནང་དང་། ཉིན་རྒྱབ་ཆུ་ཚོད་གཉིས་པར་ཕྱི་ནང་དད་ལྡན་ཆོས་ཞུ་བ་རྣམས་དགེ་སྡིག་བླང་དོར་དང་འབྲེལ་བའི་བཀའ་སློབ་དང་ལྷག་དོན་བོད་མི་ཡོངས་ལ་༧གོང་ས་༧སྐྱབས་མགོན་རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་བོད་མི་ཡོངས་ལ་བཀའ་དྲིན་ཇི་ལྟ་ཆེ་ཚུལ། དེའི་ཕྱིར་མགོན་པོ་མཆོག་གི་བཀའ་གསུང་ཇི་བཞིན་བསྒྲུབ་དགོས་ལུགས་སོགས་ཀྱི་བཀའ་སློབ་གནང་། སྒྲོལ་མ་གྲངས་གསོག་སྔོན་དུ་སོང་བའི་ཐོག་རྗེ་བཙུན་སྒྲོལ་མའི་སྒོ་ནས་ཚོགས་མཆོད་རྒྱས་པ་ཕུལ།།།
ངག་དཔལ་ལྡན་གྱིས།
འདྲ་པར་་་ 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 3 སམས་རགས།