རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ
སྤྱི་ལོ་༢༠༢༥ལོའི་ཟླ་༡༢་པའི་ཚེས
ལས་འགུལ་་སྐབས་སུད་སི་དང་ལིག་ཏེན་སིཏན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་དངོས་འདུན་རྒྱ་མཚོ་འབྲོང་པ་ཚང་གིས་གསུང་དོན་བོད་ཀྱི་རྩ་དོན་ལོ་བདུན་ཅུ་ཙམ་སོང་ཡང་སེམས་ཤུགས་ཆགས་མི་རུང་པ་དང་རྒྱ་ནག་གིས་བོད་བཙན་བཟཡང་བྱས་ནས་ད་བར་མི་ས་ཡ་ཙམ་ཞིག་གི་ཚེ་སྲོག་ཤོར་ཡོད་པ་བརྗེད་ཐབས་མེད་པ་ཡིན།
གཞོན་སྐྱེས་རྣམས་ལ་མི་རིགས་ཀྱི་ལ་རྒྱ་དང་ངོ་བོ་སྤེལ་དགོས་བ་གལ་ཆེན་པོ་རེད་སོགས་གསུངས་སོང་།
དེའི་རྗེས་རྒྱལ་ཚོགས་ཀྱི་མདུན་ཐང་བར་དུ་གོམས་བགྲོད་བྱས་རྗེས་ཚོགས་གཞོན་ཀ་རིང་སྐལ་བཟང་རྣམ་རྒྱལ་མཆོག་ནས་གསུངས་དོན་ང་ཚོ་ནི་འཛམ་གླིང་ནང་བཙན་བྱོལ་མང་པོ་ཡོད་པའི་ནང་ནས་གྲགས་ཤོས་དང་ཡག་ཤོས་དེ་ཡིན་པ་དང་། རྒྱུ་མཚན་ནི་ང་ཚོ་ལ་བཙན་བྱོལ་གྱི་གཞུང་ཞིག་ཡོད་པས་རེད། མང་གཙོ་ཡི་ཀ་བ་གསུམ་ལྡན་གྱི་གཞུང་ཞིག་ཡོད་པ་འདི་ནི་ང་ཚོ་སྤོབས་པ་སྐྱེས་འོས་བ་ཞིག་རེད་སོགས་གསུངས་སོང་།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།