རྒྱལ་སྤྱི་གློག་བརྙན་ཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཅ་ཀྲི་གྷི་ཡེར་ལགས་དང་སུད་སི་བོད་རིགས་ཚོགས་སྡེ་ཁག་གི་སྐུ་ཚབ་མཇལ་འཕྲད་གནང་བ། 

ཟླ་ ༩ ཚེས་ ༢༣ ཉིན་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་རྒྱལ་སྤྱི་གློག་བརྙན་ཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཅ་ཀྲི་གྷི་ཡེར་ལགས་སུད་སི་གྲོང་ཁྱེར་ཛུ་རིག་ནང་ཛུ་རིག་གློག་བརྙན་དུས་སྟོན་ནས་ཁོང་ལ་ལོ་འདིའི་མི་ཚེ་གང་གི་གྲུབ་འབྲས་གཟེངས་བསྟོད་བྱ་དགའ་འབུལ་བཞེས་མཛད་སྒོར་ཕེབས་ཡོད་པར་སོང།  སུད་སི་དོན་ཁང་ནས་བོད་རིགས་ཚོགས་སྡེ་ཁག་གི་སྐུ་ཚབ་ལྷན་མཇལ་འཕྲད་གོ་སྐབས་དུས་ཚོད་སྔོན་སྒྲིག་ལྟར།  སྔ་དྲོ་ཁོང་གི་བཞུགས་གནས་མགྲོན་ཁང་དུ་རི་ཀོན་ཆོས་འཁོར་དགོན་གྱི་མཁན་པོ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་མཆོག་དང།  སུད་སི་དང་ལེཀ་ཏེན་སྤྲཡན་བོད་རིགས་ཚོགས་པའི་སྐུ་ཚབ་གང་གཞོན་ཚང་ཀུན་བཟང་ལགས།  སུད་སི་བེུད་ཚོགས་པའི་ཚོགས་གཙོ་ལམ་དྲག་པདྨ་ལགས།  ཡུ་རོབ་གཞོན་ནུ་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྐལ་ལྡན་ལགས།  སུད་བོད་མཐུན་གྲོགས་ཚོགས་པའི་སྐུ་ཚབ་ཨ་མདོ་ཚང་མུ་རེར་སྨོན་ལམ་ལགས་བཅས་ནས་འཚམས་འདྲི་མཇལ་དར་ཕུལ་གནང་བ་དང།   སྐུ་ཚབ་རྣམས་ནས་ཁོང་ལ་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད།  སུད་སི་ཚོགས་སྡེ་ཁག་ནས་བོད་དོན་ཐད་ལས་འགུལ་ཇི་སྤེལ་སྙན་སེང་ཞུས་རྗེས།  སྐུ་ཞབས་རི་ཅ་ཀྲི་གྷི་ཡེར་ལགས་ནས་སུད་སི་ནང་ཡོད་པའི་བོད་རིགས་ཚོགས་སྡེ་ཁག་ནས་ཆབ་སྲིད་ཐོག་ཧུར་བརྩོན་གནང་བཞིན་པར་དགའ་ཚོར་བྱུང་ཞེས་གསུངས་བ་མ་ཟད།  བོད་ནང་གི་ད་ལྟའི་གནས་སྟངས་དང་ལྷག་པར་དུ་བོད་མི་ ༥༡ ནས་རང་ལུས་མེར་བསྲེག་གནང་ཡོད་པར་བློ་ཚབ་ཅི་ཆེ་ཡོད་སྐོར་གསུངས།

སུད་སི་གསར་འགྱུར་བརྒྱུད་ལམ་ཁག་ནང་ཁོང་དང་བོད་མི་བར་གྱི་འབྲེལ་ལམ་གཏིང་ཟབ་སྐོར་གནས་ཚུལ་ཞིབ་གསལ་སྤེལ་གནང་ཡོད།  

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 7 སྡོམས་རོགས།