རྒྱལ་ཚོགས་ལ་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བ།

སུད་སི་དང་ལིག་ཏན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་འོག་ཚོགས་ཆུང་བརྒྱད་ཀྱི་བོད་དོན་ཞུ་གཏུགས་ལས་འགུལ་ཞིག་ཚེས་༡༥་ཉིན་རྒྱལ་ཚོགས་ཀྱི་མདུན་དུ་མི་མང་༧༠ ལྷག་ལྷན་འཛོམས་ཀྱིས་ཞོགས་པའི་ཆུ་ཚོད་༡༡་སྟེང་ palais Wilson ཞེས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པའི་མདུན་དུ་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྐད་འབོད་དོན་དུ་འདུ་འཛོམས་གནང་།

འཐུས་མི་ཟླ་བ་ནོར་བུས་མི་མང་ལ་འཚམས་འདྲི་དང་སྦྲགས་དམིགས་ཡུལ་ཡོད་པའི་རེ་བ་ནི་སྟོབས་ཤུགས་ཡིན་པས་ང་ཚོས་མུ་མཐུད་དུ་སེམས་ཤུགས་མི་ཆགས་པར་དམིགས་ཡུལ་ཡོད་པའི་རེ་བ་ཆེན་པོ་དེ་བློས་གཏང་རྒྱུ་ཡོད་པ་མ་རེད་ཅེས་གསུངས་བཤད་གནང་རྗེས་སྐད་འབོད་རྒྱག་ཞོར་རྒྱལ་ཚོགས་ཀྱི་མདུན་ཐང་བར་དུ་སྐད་འབོད་གནང་།

རྒྱལ་ཚོགས་སུ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༦ པའི་འཚོགས་བཞིན་ཡོད་པ་ཡིན་ཙང་མི་མང་གིས་སེམས་ཤུགས་ཆེན་པོས་སྐད་འབོད་ཡུན་རིང་གནང་སོང་ལ་ཕྱི་དྲོད་ཆུ་ཚོད་༢ དང་ཕྱེད་ཀའི་སྟེང་འཐུས་མི་ཚེ་བརྟན་ལགས་ཀྱིས་མཇུག་སྡོམ་གསུངས་བཤད་དང་སྐད་འབོད་འདིའི་ཆ་ཤས་ལེན་མཁན་རྣམས་འཐུས་ཚོགས་དང་གོ་སྒྲིག་ཚོགས་པ་ཚོའི་ངོས་ནས་ཐུགས་རྗེ་ཆེ་ཞུས་ནས་ལས་འགུལ་མཇུག་བསྡུས།

གསར་འགོད་པ་བཀྲ་ཤིས་རྣམ་རྒྱལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 5 སམས་རགས།