རྒྱལ་གཅེས་དཔའ་བོ་རྒན་བསྟན་དགའ་ལགས་ཀྱི་ཆེད་ཛ་དྲག་གི་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུས།

སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༧།༡༢།༠༢ ཉིན་བོད་མདོ་ཁམས་དཀར་མཛེས་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་རྒན་བསྟན་དགའ་ལགས་ནས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་ལུས་མེར་བསྲེགས་གནང་ནས་ད་ལྟ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པར་གདུང་སེམས་མཉམ་སྐྱེད་དང་།  ས་གནས་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་སྤྱི་རིམ་མ་ཧ་གུ་རུའི་འབུམ་ཚོགས་ཆེན་མོ་ཐེངས་ ༣ དབུ་བླ་མཁན་པོ་གྲགས་པ་འོད་ཟེར་མཆོག་ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོ་བའི་གནས་ཚུལ་གཉིས་ཐོག་རི་ཀོན་ཆོས་འཁོར་དགོན་དུ་ཛ་དྲག་གི་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུས།  དེ་ཡང་སྔ་དྲོའི་ཚོུད་༠༩།༣༠ ཐོག་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེའི་དབུས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ། ས་གནས་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས། ཕྱོགས་ཞུགས་སྤྱི་འཐུས་སྐུ་ངོ་བསམ་མདོ་བྱམས་པ་ཚེ་རིང་ལགས། སྤྱི་ཟུར་རྣམ་པ། ས་གནས་བོད་རིགས་མི་མང་གི་ཚོགས་གཙོ་སྦྲེལ་པོའི་དབུས་པའི་ས་གནས་འཐུས་མི་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མཛད་གཙོ་རྣམ་པ།  དེ་བཞིན་མི་མང་གང་མང་མཉམ་ཞུགས་ཐོག་སྨོན་ལམ་མཆོད་འབུལ་གང་རྒྱས་ཤིག་ཚོགས་གནང་བ་དང་། སྐབས་དེར་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་ནས་བསྔོ་བ་གནང་བ་དང་སྦྲགས་མང་ཚོགས་ལ་ཆོས་ཕྱོགས་ཀྱི་བསླབ་བྱ་ཁག་གཅིག་གནང་བ་དང་། དེ་བཞིན་བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས་གདུང་སེམ་མཉམ་སྐྱེད་ཀྱི་གཏམ་བཤད་དང་། ཛ་དྲག་གི་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུ་དགོས་ཀྱི་གནད་དོན་ཁག་གཅིག་གསལ་བཤད་གནང་། དེའི་རྗེས་ས་གནས་སྐུ་ཚབ་དོན་གཅོད་མཆོག་ནས་གདུུང་སེམས་མཉམ་སྐྱེད་ཞུ་བ་དང་སྦྲགས་གསུང་དོན། རང་ལུས་མེར་བསྲེགས་རེ་གནང་དུས་ད་ལྟའི་བོད་ཀྱི་ཆགས་མཇིག་གི་གནས་འབབ་འདིར་མེད་དུ་མི་རུང་བའི་དཔའ་བོ་རེ་མེད་པར་འགྱུར་བ་ཡིན་པར་རང་ལུས་མེར་བསྲེགས་གནང་ན་ཤིན་ཏུ་ནི་ཕངས་པོ་དང་། དེ་ལས་རང་ལུས་མེར་བསྲེགས་མ་གནང་བར་གསོན་པོར་གནས་པའི་ཐོག་བོད་བསྟན་པ་ཆབ་སྲིད་ཀྱི་དོན་གྲུབ་ཐུབ་པའི་ཐུགས་ཁུར་བཞེས་གལ་ཆེ་བ་དང་། ལྷག་པར་དུ་རང་དབང་ལུང་པའི་ནང་དེ་ལྟར་གནང་བ་ནི་ཤིན་ཏུ་ནི་མི་འོས་པ་ཞིག་ཡིན་པའི་དེ་ལྟར་མ་གནང་བའི་འབོད་སྐུལ་ཚོར་བ་ཆེན་པོའི་ཐོག་གནང་། 

བཅས་སྔ་དྲོའི་ཚོུད་ ༠༩།༣༠ ནས་ཚོུད་ ༡༡།༤༠ ཙམ་གྱི་བར་ཛ་དྲག་གི་སྨོན་ལམ་མཆོད་འབུལ་གང་རྒྱས་ཤིག་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྒྲིག་འདུགས་ནས་གོ་སྒྲིག་ཞུས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 4 སྡོམས་རོགས།