རྒྱལ་གཅེས་དཔའ་བོ་བཀྲ་ཤིས་རྣམ་རྒྱལ་མཆོག་གི་ཞེ་དགུའི་མཆོད་འབུལ་སྨོན་ལམ་ས་གནས་ལུ་རྫན་དུ་ཚོགས་ཡོད་པ།

དཔའ་བོ་བཀྲ་ཤིས་རྣམ་རྒྱལ་མཆོག་གིས་སྤྱི་ལོ་༢༠༡༧ ལོའི་ཟླ་༩ བའི་ཚེས་༧ཉིན་རང་ཉིད་ཀྱི་ལུས་སེམས་ཡོངས་རྫོགས་བོད་མི་རིགས་དང་འགྲོ་བ་མིའི་ཐོབ་ཐང་། དམིགས་གསལ་གྱིས་སུད་སི་ནང་སྐྱབས་བཅོལ་ཡིག་ཆ་མ་རག་པའི་དཀའ་ངལ་དང་ཡིག་ཆ་ནག་པོ་ཆགས་ཡོད་པ་རྣམས་ཀྱི་ཆེད་མེ་འཁོར་ལྕགས་ལམ་ཐོག་ཉལ་ཏེ་རང་སྲོག་ལུས་གཏོང་གནང་ཡོད་པའི་འདས་པོ་དམ་པ་ཁོང་གི་ཞེ་དགུ་ཉིན་མོ་ཟླ་འདིའི་ཚེས་༢༢ ཉིན་རི་གོང་དགོན་པའི་དགེ་འདུན་པ་བཞི་དང་། བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་བོ་དང་ས་གནས་སུད་བོད་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་རྒ་བྷི་རཱ་ལ་གཉིས་ཕེབས་ཡོད་པ་མ་ཟད་ཕྱོགས་མཐའ་ནས་ཕེབས་པའི་ས་ཐུས་དང་མི་མང་བརྒྱ་ཕྲག་གཉིས་དང་ཕྱེད་ཀ་ལྷག་གྱིས་དཔའ་བོ་ཁོང་འདས་ནས་ཞགས་ཞེ་དགུ་འཁོར་བའི་མཆོད་འབུལ་སྨོན་ལམ་རྒྱ་ཆེན་པོ་ཞིག་ས་གནས་ལུ་རྫན་ཚོགས་ཆུང་གི་རྒྱུན་ལས་རྣམ་པའི་གོ་སྒྲིག་འོག་ཚོགས་སོང་། 

དམིགས་གསལ་གྱི་ཐེངས་འདིར་ས་གནས་ལུ་རྫན་གྱི་སྐྱབས་བཅོལ་ཡིག་ཆ་མ་རག་པ་རྣམས་ཀྱིིས་སྔ་ཕྱི་བར་གསུམ་དུ་མ་སྐུལ་དང་བླངས་ངང་མཆོད་འབུལ་སྨོན་ལམ་བྱེད་སྐབས་རང་འགུལ་གྱིས་བདུན་ཚིགས་རེ་རེར་མཉམ་ཞུགས་གནང་ཡོད་ལ་ལྷག་པར་དུ་ད་རེ་ཞལ་ལག་བཟོ་བ་སོགས་ཕྱག་ལས་ཡག་པོ་གནང་ཡོད་པ་མ་ཟད་དཔའ་བོ་ཁོང་གི་ཕ་མ་གཙོས་ནང་མི་རྣམས་ལ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་ཤུགས་ཆེན་པོ་ཐོན་ཡོད་པ་ས་གནས་རྒྱུན་ལས་ནས་གསུང་སོང་།

ས་གནས་རྒྱུན་ལས་ནས་གསུང་རྒྱུར་རྒྱལ་གཅེས་དཔའ་བོ་དམ་པ་ཁོང་ལ་མཚོན་ན་ཧ་ལས་པའི་རང་སྲོག་མེ་འཁོར་འོག་བོད་མིའི་ཆེད་ཕུལ་ཡོད་པ་དང་ཁ་ཆེམས་ཡིག་གེ་ཞིག་ཀྱང་སུད་སི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ལ་བཞག་ཡོད་པས་འདས་པོ་ཁོང་ནི་བོད་ཀྱི་རྩ་དོན་ཐོག་ཕྱག་ལས་མང་བོ་གནང་མྱོང་མཁན་དང་ཁོང་གི་ལོ་རྒྱུས་ཁྲོད་བོད་མི་མང་ལ་བཅངས་པའི་ལྷག་བསམ་དང་སྙིང་སྟོབས་ཏེ་མཚོན་ཡོད།

ཡིན་ཡང་ང་ཚོའི་་ཕྱོགས་ནས་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་རེ་བ་དང་མངོན་འདོད་སྒྲུབ་ཐུབ་ཀྱི་མེད་པ་མ་ཟད་་ཁོང་གི་མཆོད་འབུལ་སྨོན་ལམ་སྐབས་སུའང་སུད་སི་མི་མང་ཚང་མ་མཉམ་ཞུགས་གནང་མ་ཐུབ་པ་ལ་བློ་འགྱོད་ཆེན་པོ་ཡོད། གང་ཡིན་ཟེར་ན་ཁོང་ང་ཚོའི་ཆེད་དུ། རྩ་དོན་ཆེད་དུ། འགྲོ་བ་མིའི་ཆེད་དུ་ང་ཚོ་དང་གཏན་དུ་བྲལ་བས་ཡིན།  ང་ཚོ་གོ་སྒྲིག་ཞུ་མཁན་རྣམས་ལ་མཚོན་ན་ཡང་སོ་སོའི་དམིགས་ཡུལ་དང་འདོད་བློ་མ་ཁེངས་པ་ཡིན་ནའང་མཆོད་འབུལ་སྨོན་ལམ་ཧ་ཅང་ཡག་པོ་བྱུང་སོང་ལ་ཕ་མ་དང་ནང་མི་ཚོ་ཡང་འདོད་བློ་ཁེངས་ཡོད་པས་དགའ་ཚོར་བྱུང་སོང་ལ་ས་གནས་མི་མང་གིས་ཀྱང་གང་ཡོང་ཅི་ཡོང་གནང་སོང་བས་དགའ་ཚོར་བྱུང་ཞེས་བརྗོད་སོང་།

ཡང་དམ་པ་ཁོང་གི་ནང་མིའི་འབྲེལ་མཐུད་པ་བློ་གྲོས་ཚང་།   བློ་བཟང་དཔལ་ལྡན་གྱིས་ནང་མིའི་ཚབ་བྱས་ཏེ་གསུང་དོན། སུད་སི་བོད་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་དང་འདས་པོ་ཁོང་གི་ཕ་མ་གཉིས་ཡང་ཉེ་ཆར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་ཡོད་པ་མ་ཟད
༧ གོང་ས་མཆོག་གིས་ཀྱང་ཐུགས་སྨོན་སྐྱབས་འཇུག་གནང་སོང་བས་ཕ་མ་གཉིས་བློ་སེམས་བདེ་ལ་བབས་ཡོད་པའི་་གནས་ཚུལ་དང་བཅས་ཞབས་འདེབས་ཕུལ་མཁན་དང་མཉམ་ཞུགས་གནང་མཁན། ས་གནས་རྒྱུན་ལས་རྣམ་པར་ཡང་ཐུགས་རྗེ་ཆེ་ཞུ་བ་དང་ས་གནས་རྒྱུན་ལས་ནས་ཀྱང་ཞབས་འདེབས་གནང་མཁན་དང་མཉམ་ཞུགས་གནང་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་བ་དང་མཆོད་འབུལ་སྨོན་ལམ་ཡོངས་སུ་མཇུག་སྒྲིབ་ཡོད་པ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 1 སྡོམས་རོགས།