རྒྱ་ཡིག་དྲ་རྒྱ་གསར་པ་ཞིག་སྒོ་འབྱེད་བྱས་པ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༢༣ཉིན། ཟླ་འདིའི་ཚེས་༢༢ཉིན། ཧྥ་རན་སིའི་རྒྱལ་ས་པེ་རིས་སི་རྟེན་གཞི་བྱས་ཡོད་པའི་རྒྱལ་མཚམས་མེད་པའི་གསར་འགོད་པ་མཐུན་ཚོགས་ཀྱིས་རྒྱ་ཡིག་གི་དྲ་རྒྱ་ www.rsf-chinese.org ཟེར་བ་ཞིག་གསར་དུ་སྒོ་འབྱེད་བྱས་འདུག
དྲ་རྒྱ་དེ་བརྒྱུད་ནས་རྒྱ་ཡིག་ཀློག་པ་པོ་ཚོར་ཆེས་ལེགས་ཤིང་ཉེ་བར་མཁོ་བའི་བརྡ་འཕྲིན་སྣ་མང་མཁོ་སྤྲོད་བྱེད་ཐུབ་ཀྱི་ཡོད་པར་བརྟེན། ༢༠༠༥ལོར་དྲ་རྒྱ་དེ་སྒོ་འབྱེད་བྱས་ནས་ཡུན་རིང་མ་འགོར་བར་རྒྱ་ནག་ནང་དུ་ཡོད་པའི་ཀློག་པ་པོ་ཁྲི་སྟོང་མང་པོ་འཛུལ་ཞུགས་བྱས་ཡོད་པ་དང། གནས་སྟངས་དེ་རྒྱ་ནག་གཞུང་གིས་ཤེས་རྟོགས་བྱུང་ནས་དྲ་རྒྱ་སྒོ་བརྒྱབ་ཡོད་འདུག
རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་གསར་འགོད་གསར་བསྒྲགས་བྱས་པ་ལྟར་ན། དྲ་རྒྱ་འདིའི་སྟེང་ནས་ཁྱེད་ཀྱིས་གསར་འགོད་རང་དབང་གི་ཡོང་ཁྱབ་བསྒྲགས་ཡིག་དང་གསར་འགྱུར་སྣ་ཚོགས་ཀློག་ཐུབ་པ་མ་ཟད། ལྷག་པར་དུ་རྒྱ་ནག་གི་གསར་འགྱུར་དང༌། ཕྱི་ལོ་༢༠༡༠ལོའི་ནོར་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལུའུ་ཞའོ་པའོ་ཡི་སྐོར་གྱི་རྩོམ་ཡིག་སྣ་ཚོགས། གསར་དུ་ཐོན་པའི་གསར་འགྱུར་དུས་དེབ་དང་འདྲ་པར་གསར་བ། ཡིད་དབང་འཕྲོག་པའི་བཅར་འདྲི་སོགས་ཡུལ་ལུང་གང་ས་ནས་ལྟ་ཀློག་ཐུབ་ཀྱི་ཡོད། དྲ་རྒྱ་འདིའི་དགོས་དམིགས་ནི་རྒྱ་ནག་དུ་གསར་འགོད་པ་དང་རྩོམ་པ་པོ་སོགས་སྨྲ་བརྗོད་རང་དབང་གི་ཆེད་དུ་བཙོན་ཁང་དུ་མནར་གཅོད་མྱོང་བཞིན་པ་རྣམས་གློད་བཀྲོལ་ཡོང་བའི་ཕྱིར་དུ་ཡིན་ཞེས་བརྗོད་འདུག
ཁྱེད་ཀྱིས་རྒྱལ་མཚམས་མེད་པའི་གསར་འགོད་པའི་རྒྱ་ཡིག་དྲ་བ་ ཊོ་ཊིར་ http://twitter.com/rsfasia2 བརྒྱུད་ནས་ལྟ་ཀློག་བྱེད་ཆོག་པ་དང། རྒྱ་ནག་དུ་ཡོད་པའི་ཐོ་འགོད་མཁན་ཚོས་སོ་སོ་སྒེར་གྱི་དྲ་བའི་ཁ་བྱང་སྤྱད་ནས་ཐོ་འགོད་བྱེད་ཆོག་ལ། རྒྱ་ནག་གི་འཀག་སྡོམ་ལས་ཇི་ལྟར་བྱས་ནས་ཐར་ཐུབ་བམ་སྙམ་ན། རྒྱལ་མཚམས་མེད་པའི་གསར་འགོད་པའི་ལམ་སྟོན་ཁ་བྱང་ http://en.rsf.org/new-version-of-handbook-for-16-07-2009,33844.html འདིའི་ནང་དུ་གཟིགས་རོགས་ཞུ།
རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ད་བར་དུ་འཛམ་གླིང་གི་རྒྱལ་ཁབ་༡༤༠ལྷག་གི་གསར་འགོད་པ་ཚོ་བྱ་བའི་ཆེད་དུ་འཛིན་བཟུང་བྱས་པ་དང་མནར་གཅོད་མྱོང་བཞིན་ཡོད་པ་ཞིབ་བཤེར་དག་འབུད་བྱས་ཡོད་པ་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 4 སམས་རགས།