རེབ་གོང་དུ་སློབ་མས་སྣེ་ཁྲིད་དེ་ཞི་རྒོལ་རྒྱ་ཆེ་སྤེལ་བ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༩ རེས་གཟའ་པ་སངས་ཉིན་གྱི་ཞོགས་པ་རྨ་ལྷོ་ས་ཁུལ་རེབ་གོང་རྫོང་དུ་སློབ་གྲྭ་ཁག་བཞིའི་སློབ་ཕྲུག་སྟོང་ཕྲག་མང་པོས་བོད་ལ་རང་དབང་དགོས་པ་དང། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ། དེ་བཞིན་མི་རིགས་འདྲ་མཉམ་དགོས་པ་སོགས་ཀྱི་འབོད་སྒྲ་བསྒྲགས་ཏེ་རྒྱ་ནག་གཞུང་ལ་ཞི་རྒོལ་རྔམ་སྟོན་བྱས་ཡོད། 

དེ་ཡང་ཁུངས་ལྡན་གནས་ཚུལ་འབྱོར་དོན་ལྟར་ན།  སྐབས་དེར་བོད་རིགས་སློབ་ཕྲུག་སྟོང་ཕྲག་ལྔ་ལྷག་ཙམ་གྱིས་གོང་ཚེས་ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༥ ཙམ་ལ་རེབ་གོང་རྫོང་གི་གཞུང་ལམ་དུ་ཐོན་ནས་ངོ་རྒོལ་སྐད་འབོད་བྱས་རྗེས། རོང་བོ་དགོན་ཆེན་མདུན་གྱི་སྒྲོལ་མ་ཐང་ཆེན་དུ་འཛོམས་ཏེ་སྐད་འབོད་མུ་མཐུད་བྱས་ཡོད་པ་མ་ཟད། སྐབས་དེར་ས་གནས་ཉེ་འཁོར་ནས་བོད་རིགས་མང་དག་ཅིག་གིས་མཉམ་ཞུགས་གནང་སྟེ་གདུང་སེམས་མཉམ་སྐྱེའི་རྣམ་པ་ཤུགས་ཆེ་བསྟན་ཡོད། ད་བར་སློབ་ཕྲུག་རྣམས་དང་ཉེན་རྟོག་མི་སྣའི་དབར་ཐད་ཀར་གདོང་ཐུག་བྱུང་མེད།

ཕྱོགས་མཚུངས་ཕྱི་ཚེས་ ༨ རེས་གཟའ་ཕུར་བའི་ཉིན་བོད་རིགས་སློབ་ཕྲུག་བརྒྱ་ཕྲག་བརྒལ་བས་རེབ་གོང་མདོ་བ་གྲོང་རྡལ་ལས་ཁུངས་མདུན་དུ་ངོ་རྒོལ་རྔམ་སྟོན་བྱས་པ་མ་ཟད། རྒྱ་མིའི་རྒྱལ་དར་དམར་པོ་མར་ཕབ་པ་སོགས་ལ་བརྟེན། སློབ་གྲྭའི་དགེ་རྒན་གྱིས་དེ་མ་ཐག་ཕ་མ་ཚོར་སློབ་ཕྲུག་རྣམས་རང་ཁྱིམ་དུ་འཁྲིད་དགོས་པའི་བརྡ་ཐོ་བཏང་ཡོད།  ཉིན་དེར་རེབ་གོང་རྫོང་ཐོག་ནས་རྒྱ་མིའི་དམག་མིའི་སྣུམ་འཁོར་བདུན་ཙམ་མདོ་བ་གྲོང་རྡལ་གྱི་ཕྱོགས་སུ་ཡོང་སྐབས་མདོ་བ་གྲོང་གི་རི་གཤམ་ནས་བུད་མེད་གཙོ་བོར་གྱུར་བའི་ས་གནས་བོད་རིགས་ཁག་ཅིག་གིས་སྙུམ་འཁོར་བཀག་སྟེ་ཕྱིར་ལོག་དགོས་པའི་ཞུ་བ་ཐེན་ཡོད། སྐབས་དེར་སློབ་ཕྲུག་ཁག་ཅིག་ནས་ཀྱང་མཉམ་ཞུགས་གནང་ཡོད།བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་བོད་རིགས་ཞི་རྒོལ་བྱེད་མཁན་ཚོར་དྲག་གནོན་བྱེད་མི་རུང་བ་དང་། 

ཞི་བའི་ཐབས་ལམ་ཐོག་ནས་འགྲིག་ཆགས་ཡོང་ཐབས་བྱེད་དགོས་པའི་རེ་འདུན་བཏོན་ཡོད། དེ་ཡང་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐེངས་འདིར་རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་སྐབས་བསྐོ་བཞག་བྱས་པའི་རྒྱ་ནག་འགོ་ཁྲིད་ཚོས་བོད་ནང་དུ་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པ་དེས་བོད་མིའི་དངོས་ཡོད་དཀའ་ངལ་སེལ་མ་ཐུབ་པར་བརྟེན། གྲོས་མོལ་གྱི་ཐབས་ལམ་ཁོ་ནའི་ཐོག་ནས་བོད་མིའི་དཀའ་ངལ་སེལ་དགོས་པ་ཤེས་རྟོགས་ཐུབ་དགོས། ང་ཚོའི་རེ་བར་རྒྱ་ནག་གཞུང་གིས་དམ་བསྒྲགས་མཚམས་འཇོག་བྱས་ཚེ་རང་ལུས་མེར་སྲེག་གི་དོན་རྐྱེན་མཚམས་ཆད་རྒྱུ་ཡིན། ཅེས་གསུངས་ཡོད་པ་བཅས

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 9 སྡོམས་རོགས།