རི་ཀོན་དུ་མཆོད་འབུལ་ཞུས་པ།

ད་རིང་རེས་གཟའ་ཉི་མ་སྟེ་ཕྱི་ཟླ་ ༥  ཚེས་  ༡༧  ཉིན་རྒྱབ་ཚོུད་ ༡༣་༠༠  ཐོག་རི་ཀོན་ཆོས་འཁོར་དགོན་དུ་སུད་སི་དང་།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་ནས་གོ་སྒྲིག་ཞུས་ཏེ་དགོན་པའི་མཁན་རིན་པོ་ཆེས་དབུས་དགེ་འདུན་རྣམས་དང་།  དབུས་བོད་མིའི་སྒྲིགས་འཛུགས་ནས་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་དང་། ཡུ་རོབ་སྤྱི་ཟུར་རྣམ་པ།  མི་མང་གི་ཚོགས་གཙོ་བགྲེས་གཞོན་དབུས་མི་མང་བརྒྱ་དང་ལྔ་བཅུ་སྐོར་ནས་མཆོད་འབུལ་ཞུས་ཡོད།

དེ་ཡང་དགོངས་མངའ་བཞིན་ཕྱི་ལོ ༢༠༡༥ ཟླ་བ་ ༥ ཚེས་ ༡༧ ནི་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེད་ཀྱི་ཉིན་མོ་དང་སྟབས་བསྟུན། ཕྱི་དྲེལ་ལས་ཁུངས་ནས་འདི་ག་དོན་གཅོད་ལས་ཁུངས་བརྒྱུད་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་བོད་ནང་གི་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བྲོལ་ཐོབ་ཆེད་མཆོད་འབུལ་བསངས་གསོལ་ཞུས་ཡོད་པ་དང་། 

མཛད་རིམ་ཐོག་མར་མི་མང་ཟློས་གར་ནས་འགོ་ཁྲིད་དེ་བོད་ཀྱི་རྒྱལ་གླུ་འདོན།  དེས་རྗེས་ཚོགས་གཙོའི་གསུང་བཤད། དཔལ་འབྱོར་བཀའ་བློན་མཆོག་གི་ད་རིང་ང་ཚོ་འདི་གར་འདུ་འཛོམས་གནང་དགོས་པའི་གསུང་བཤད།  མི་མང་ཡོང་ནེས་བསངས་གསོལ་དང་སྒང་ཕུག་ནག་པོ་ཐོག་པཎ་ཆེན་བླ་མ་ལོ་ངོ་ ༢༠ ཙམ་གང་ཡོད་མེད་པ་གློད་གྲོལ་གཏོང་དགོས་ཞེས་འབྲིས་པ་ ༢༠༠ ཐམ་པ་ནམ་མཁར་མངགས། དེ་ནས་ མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་དབུས་དགེ་འདུན་རྣམས་པས་དབུ་ཁྲིད་དེ་ཕྱི་དྲོ་ཆུ་ཚོད་ ༡༦་༣༠ བར་ཚང་མས་མཆོད་འབུལ་གནང་བ་དང། མཐའ་དོན་ཚོགས་གཞོན་ནས་མཇུག་བསྡོམས་གསུང་བཤད་གནང་པའི་གནས་ཚུལ་སྙིང་བསྡུས་སུ། རྩར་མ་ནས

འདྲ་པར་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 3 སམས་རགས།