རི་ཀོན་དགོན་དུ་ས་ཟླའི་བཅོ་ལྔའི་དུས་ཆེན་སྲུང་བརྩི།

ཕྱི་ལོ་༢༠༡༣ལོའི་ཟླ ༥་ཚེས ༢༥ དང་བོད་ཟླ་༤ ཚེས ༡༥ ཉིན་ཏེ། ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་སུད་སི་དང་ལེཀ་ཏེན་སི་ཊཡན་བོད་རིགས་མི་མང་གིས་ག་ཟླ་བའི་ཚེས་བཅོ་ལྔའི་དུས་ཆེན་ཁྱད་པར་བ་སྲུང་བརྩི་གནང་ཡོད་འདུག

ས་ག་ཟླ་བ་ནི་དུས་ཆེན་གསུམ་མཛོམས་ཀྱི་ཟླ་བ་ཞིག་ཡིན་པ་ལྟར། ཟླ་འདིའི་ཚེས་བཅོ་ལྔ་ནི་སྟོན་པ་མཉམ་མེད་དབང་བོ་བུ་རམ་ཤིང་པ་ཉི་མའི་གཉེན་མཆོག་གདུལ་བྱ་ཐ་མལ་བའི་སྣང་ངོར་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་པའི་དུས་ཆེན་ཁྱད་པར་བ་ཞིག་ཡིན་ལ། ཟླ་འདིར་ནང་བའི་ཡུལ་གྲུ་མང་པོར་མི་མང་རྣམས་ཀྱིས་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ལ་འབད་ཀྱིན་པ་དང་། ལྷག་དོན་ཚེས་བཅོ་ལྔའི་ཉིན་གྱི་དུས་ཆེན་ཁྱད་པར་བ་ལུགས་སྲོལ་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་གཟབ་རྒྱས་བྱེད་བཞིན་པ་ཡིན། དེ་བཞིན་སུད་སི་དང་ལེཀ་ཏན་སིཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་སུད་སི་རི་ཀོན་དགོན་དུ་དུས་ཆེན་སྲུང་བརྩི་དང་། བསྔོ་སྨོན་མཆོད་འབུལ་བཅས་གནང་ཡོད་འདུག

ཐེངས་འདིའི་དུས་ཆེན་ཁྱད་པར་བ་སྲུང་བརྩི་གནང་བར་རི་ཀོན་མཁན་རིན་པོ་ཆེ་མཆོག་གིས་གཙོས་པའི་བླ་སྤྲུལ་དགེ་འདུན་པ་རྣམས་དང་། སྤྱི་ཟུར་རྣམ་པ། མི་མང་ཚོགས་གཙོ་སྦྲེལ་བོ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ཚོགས་གཙོ་རྣམས་ཀྱིས་གཙོས་མི་མང་༢༠༠ ལྷག་འདུ་འཛོམས་ཀྱིས་དུས་ཆེན་སྲུང་བརྩི་དང་བསྔོ་སྨོན་མཆོད་འབུལ་དགྱེས་པ་ཞིག་གནང་ཡོད་འདུག
གསར་འགོད་པ། ཙ་ཡུས་ཕུན་ཚོགས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 8 སམས་རགས།