རི་ཀོན་ཆོས་འཁོར་དགོན་དུ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི།

དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༠༩ ཚེས་ ༣༠ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༠༩:༣༠ ནས་ ༡༢:༠༠ བར་རི་ཀོན་ཆོས་འཁོར་དགོན་དུ་གནས་བརྟན་ཕྱག་མཆོད་ཀྱི་ཆོ་ག་དང་འབྲེལ་བའི་ཐོག་ནས་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ ༧༣ པ་དེ་སྲུས་བརྩིས་ཞུས་གནང་སོང་། དེ་ཡང་མཛད་སྒོའི་ཐོག་རི་ཀོན་ཆོས་མཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་། འདའ་གྲོང་མོ་ཆེའི་མཁན་ཆེན་ཡང་སྲིད་རིན་པོ་ཆེ་རྣམ་པ་གཉིས་དབུ་བཞུགས་ཐོག་དགེ་འདུན་རྣམ་པ་དང་། སྤྱི་ཟུར་གཉིས་དང་སུད་སི་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་སོགས་གནད་ཡོད་མི་སྣ་ཁག་ཅིག ། དེ་བཞིན་ས་གནས་མི་འདྲ་བ་ནས་ཕེབས་པའི་མང་ཚོགས་བདུན་ཅུ་ཙམ་ཞིག་མཉམ་བཞུགས་བྱས་ཡོད། 

མཛད་སྒོ་ངོ་སྤྲོད་དང་འབྲེལ་ནས་སུད་སི་དང་ལིག་ཏེན་སི་ཊཡན་བརྩེ་ཆེན་ཚོགས་པས་ཚོགས་གཞོན་འཆི་མེད་ལགས་ཀྱིས་ཐམས་ཅད་འགྲན་རྩོད་ཀྱི་འདུ་ལོང་ཁྲོད་ཡོད་ཚད་༧གོང་ས་མཆོག་གི་བཀའ་བཞིན་སྒྲུབ་མཁན་ཉུང་ཉུང་ཡིན་པའི་ནང་ནས་དཔལ་ལྡན་ས་སྐྱ་གོང་མ་ཞུ་དུས་ཚང་མས་དཔེ་ལྟ་ས་དེ་ཡིན་པ་དང་། ཁོང་གི་ག་དུས་ཡིན་ནའང་ཆོས་བརྒྱུད་ནང་ཁུལ་དུ་འཆམ་མཐུན་དང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབས་དགོས་པའི་བཀའ་སློབ་གནང་བཞིན་པ་དེ་ཚོ་དུས་ནས་དུས་སུ་སེམས་ནང་དྲན་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས། 

རི་ཀོན་མཁན་རིན་པོ་ཆེས་༧གོང་ས་མཆོག་གིས་ལན་མང་བསྔགས་བརྗོད་མཛད་པ་བཞིན་དཔལ་ས་སྐྱ་༧གོང་མ་རིན་པོ་ཆེ་ནི་རིག་སྔགས་འཛིན་པ་ཡོངས་རྒྱལ་པོ་ལྟ་བུ་ཡིན་པ་སོགས་རིན་པོ་ཆེའི་རྣམ་ཐར་སྙིང་དུས་དང་འབྲེལ་ནས་ཚང་མས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་དཔལ་ས་སྐྱ༧གོང་མ་རིན་པོ་ཆེ་རྣམ་གཉིས་ཀྱི་དབུས་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་སྐུ་ཚེ་ཞབས་པད་བརྟན་པའི་ཐུགས་སྨོན་གནང་རོགས་ཤིག་གསུངས་སོང་། ཉིན་གུང་གསོལ་ཚིགས་དང་ཆོས་ཕྱོགས་མཛད་རིན་དེ་ལེགས་པར་གྲུབ་ཡོད་པའི་གནས་ཚུལ་དུས་གསར་འགོད་པ་བཀྲ་ཤིས་རྣམ་རྒྱལ་གྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 6 སྡོམས་རོགས།