རི་ཀོན་ཆོས་འཁོར་དགོན་དུ་དྲུག་པ་ཚེས་བཞི་འཚོགས།

ཟླ་འདིའི་ཚེས་ ༢༧ ཉིན་ས་གནས་རི་ཀོན་ཚོགས་ཆུང་ནས་གོ་སྒྲིག་ཞུས་པ་ལྟར་རི་ཀོན་ཆོས་འཁོར་དགོན་དུ་མཁན་རིན་ཆེས་དབུས་པའི་སྐྱབས་གནས་དགེ་འདུན་རྣམས་པ། སྤྱི་ཟུར། བུད་མེད་ཚོགས་པའི་ཚོགས་གཙོ། ས་འཐུས་བཅས་མི་མང་ཁྱོན་བསྡོམས་བརྒྱ་ལྷ་ཙམ་འདུ་འཛོམས་ཐོག་ཆོས་འཁོར་དུས་ཆེན་ཁྱད་པར་ཅན་སྲུང་བརྩི་དང་སྦྲགས། རང་གཞུང་དབུས་ཆོས་རིག་ལས་ཁུངས་ནས་༧རྒྱལ་བའི་ཞབས་བརྟན་གསོག་སྒྲུབ་དགོས་པའི་བཀོད་ཁྱབ། ཕྱི་ཚེས་ ༢༢ ཉིན་ལྦ་ཎ་བོད་ཀྱི་ཆེས་མཐོའི་སློབ་ཁང་གི་སློབ་མ་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ལགས་བོད་ཀྱི་རང་དབང་བདེན་གསལ་ཆེད་རང་ལུས་་མེར་བསྲེགས་གནང་ནས་དགོངས་པ་ཛོགས་པའི་ཡིད་སྐྱོའི་གནས་འཚུལ་བྱུང་བ་་བཅས་ཀྱི་ཆེད་ཞོག་པ་ཚོུད་ ༠༩།༣༠ ནས་༡༢ བར་སྨོན་ལམ། རྒྱལ་བའི་ཞབས་རིམས་གསུང་། དེ་རྗེས་མཁན་རིན་པོ་ཆེ་ནས་དྲུག་པ་ཚེས་བཞི་བདག་ཅག་སྟོན་པ་བཅོམ་ལྷན་འདས་བདེན་བཞི་ཆོས་འཁོར་གྱི་འགྲེལ་བཌད་གསལ་པོ་གནང་། ཉིན་གུང་ཞལ་ལག་སྟབས་བདེ་ཞིག་འབུལ་ལམ་ཞུས་པ་བཅས། རི་ཀོན་ཚོགས་ཆུང་གི་ཚོགས་གཙོ་བརྡ་སྐྱེལ་ལྷག་པ་ཚེ་རིང་གིས་ཕུལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 7 སམས་རགས།