རཱཔར་སི་ཝིལ་ཡོ་ནཱ་ཞེས་པའི་དཔྱིད་ཀའི་དུས་སྟོན།

༄༅། དཔྱིད་ཟླ་བཞི་པའི་གནམ་གཤིས་ཆར་དྲག་རླུང་ཤུགས་སྣེ་འཛོམས་ཡོད་པ་ལས་ལྡོག་སྟེ།  སྣང་སྤྲོའི་གནམ་གཤིས་སྔོ་ལྗང་ཉི་ཚད་ལྡན་པས་ངང་།  སུད་སི་ཤར་ཕྱོགས་སཱནགྷ་ལེན་མངའ་སྡེའི་གྲོང་ཁྱེར་ཆེ་ཤོས་གསུམ་པ་རཱཔར་སི་ཝིལ་ཡོ་ནཱ་ཞེས་པའི་དཔྱིད་ཀའི་དུས་སྟོན་ཐེངས་ ༣༡  པ་དེ་ཚེས་ ༢༧  ནས་ ༢༩  བར་ཉིན་གསུམ་གྱི་རིང་ཚུགས་སྐབས།  ས་གནས་ཀྱི་བོད་ཡིག་སློབ་གྲྭའི་དཔལ་འབྱོར་མཐུན་རྐྱེན་འདུ་འགོད་ཀྱི་ལས་འགུལ་བོད་ཟས་ཚོང་སྒྱུར་ཞུས་ཤིང།  ས་ཁུལ་འདིར་གནས་སྡོད་དང་ཉེ་འཁོར་བོད་རིགས་བོད་སློབ་ནང་ཁོངས་སུ་ཡོད་པའི་རྒན་གཞོན་མི་གྲངས་ཉིས་བརྒྱ་ཙམ་གྱིས།  ཤ་བག་ལེབ་དང་མཱོ་མོག  ཞོ་ཁོག་བག་ལེབ།  བྲོ་ལྡན་སྔོ་ཚལ་སྤུས་ཚོང་བྱ་སྐབས།  ཕྱི་མི་སྤྲོ་འཆམ་པ་རྒན་གཞོན་མེད་པ་ཧ་ཅང་ཕོན་ཆེར་ལ་བོད་ཟས་ཀྱི་ངང་ནས་བོད་ཀྱི་སྤྲོ་འཚར་ལྡན་པའི་གཤིས་ཀ་བག་ཕེབས་ཡོད་པ་ཁྱབ་བསྒྲགས་བྱེད་ཐུབ་པར་མངོན།  ཡུལ་ལུང་གི་ལམ་ལུགས་སུ་སྔ་ཕྱི་རུ་བསྟར་བསྒྲིག་སྟེ་ཉོ་བ་ལས་ཚང་ཁ་རྒྱག་སྲོལ་མེད་སྟབས།  ཨ་མ་ལགས་ཞིག་གིས་གསུངས་གསལ་བྱས་ན།  ཁོང་རང་ཚོུད་སྐར་མ་ ༧༠  རིང་རུ་སྒྲིག་ནང་བསྡོད་དགོས་པ་བྱུང་ཡང་འགྱོད་པར་མ་བྱུང་ཞེས་བོད་ཟས་དང་བོད་མིའི་ཡ་རབས་བག་ཆགས་གཤིས་ཀར་བསྟོད་བསྔགས་གནང་གི་འདུག  ཡང་དབྱིན་ཡུལ་ནས་ཕེབས་པའི་བུད་མེད་གཉིས་ཀྱིས་ཟས་ཞིམ་པོ་ཁ་ཤས་ཤིག་ཕ་ཡུལ་དུ་འཁྱེར་རྒྱུ་ཡིན་པའི་མ་ཚད།  ཡང་འཇར་མན་སྦེར་ལིན་ནས་ཀྱང་ཤ་བག་ལེབ་ཉི་ཤུ་རྩ་གྲངས་བཀའ་མངགས་བྱེད་མཁན་སླེབས་སོང་བ་བཅས་ཀྱི་གནས་ཚུལ་བྱུང་འདུག  ཀ་རུཿཚང་ཤེས་རབས་ཀྱིས། འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 5 སམས་རགས།