རང་ཉིད་ནས་བོད་དོན་ཆེད་ཇེ་ནེ་ཝར་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་ཕྱག་འཚལ་དང་མཚན་རྟགས་བསྡུ་རུབ་ཞུས་པ།

བོད་ནང་གི་བོད་མི་ཚོས་རང་གི་གཅེས་པའི་ལུས་སྲོག་བོད་མིའི་རྩ་དོན་ཆེད་མཆོད་འབུལ་མེ་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་རེ་མདུན་དང་།  རང་ཉིད་ནས་བོད་དོན་ཆེད་ཇེ་ནེ་ཝར་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་ཕྱག་འཚལ་དང་མཚན་རྟགས་བསྡུ་རུབ་གང་མང་ཡོང་སླད་སོ་སོའི་གནས་ཡུལ་གྷེ་ལཱ་རུ་སི་ས་གནས་རྫོང་ཁུངས་སུ་གནས་སྡོད་ཕྱི་རྒྱལ་རྣམས་ལ་བོད་ནང་གི་ཛ་དྲག་དཀའ་ངལ་གསལ་བཤད་དང་འབྲེལ་མཚན་རྟགས་བསྡུ་རུབ་ཆེད་ཟླ་བ་ ༡༢ ཚེས་ ༡༩ ནས་ ཚེས་ ༢༤ བར་ཞོག་པ་ཚོུད་ ༠༩་༣༠ ནས་ཚོུད་ ༡༨་༠༠ བར་ཉིན་དྲུག་རིང་རཏ་ཧའོ་སི་བཞེས་པ་རྫོང་གི་མདུན་ཐང་དུ་ལས་འགུལ་སྤེལ་སྐབས་ཉིན་གཅིག་ཉི་མ་ཤར་བ་མ་གཏོགས་དེ་འཕྲོས་གངས་ཆར་འབབ་གནམ་གཤིས་གྲང་མོ་བྱུང་ཡང་ཉིན་རེ་མི་གྲངས་ ༦༠ ནས་ ༧༠ བར་བོད་མིའི་འཚེ་བ་མེད་པས་ལས་འགུལ་ལ་རྒྱབ་སྐྱོར་གནང་མི་བྱུང་བ་མ་ཟད་གསལ་བསྒྲགས་ཡིག་འགྲེམས་ཡང་དེ་བཞིན་བྱུང་སོང་།  མཚན་རྟགས་མི་གནང་མཁན་ཁག་ཅིག་ནས་སློབ་སྟོན་གནང་གསལ།  ཁོང་རྣམས་ཡང་ཡང་བོད་དང་རྒྱ་ནག་ཕྱོགས་སུ་ཡུལ་མི་སྤྲོ་འཆམ་ཁྲིད་མི་ཞིག་ཡིན་པས་ཆ་ནས་བོད་རྒྱ་དཀའ་ངལ་གསལ་པོ་ཧ་གོ་གི་ཡོད་ཡིན་ཡང་།  རྒྱ་ནག་འོག་འགྱུར་བ་ཆེན་པོ་ཞིག་མ་བྱུང་བར་བོད་མིའི་དཀའ་ངལ་གསལ་མི་ཐུབ།  དེར་རྟེན་བོད་མི་རྒན་གཞོན་བར་གསུམ་ནས་འཚེ་བ་མེད་པའི་ལས་འགུལ་ལ་སེམས་ཤུགས་མ་ཆགས་བར་ལས་འགུལ་སྤེལ་རྒྱུ་མ་ཟད་བོད་མིའི་སྐད་ཡིག་དང་ཡ་རབས་སྤྱོད་བཟང་གི་གོམས་གཤིས་བཟང་པོ་དེ་རྒྱུན་འཛིན་གནང་གལ་ཆེ་བ་གསུང་གི་འདུག་པས་དེ་དོན་མི་མང་ནས་དགོངས་འཇགས་ཞུ། གྷེ་ལཱ་རུ་སི་ཁྱབ་ཁུངས་ས་གནས་ཨོ་བེ་རུར་ནན་ནས་ཕྲན་ས་ར་ཟླ་བ་རྒྱལ་མཚན་ནས་ཕུལ།། འདྲ་པར་་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 2 སྡོམས་རོགས།