རི་ཁོན་ཆོས་འཁོར་དགོན་དུ་བོད་ས་ཕག་ལོའི་ལོ་སར་མཛད་རིམ་ལེགས་གྲུབ་བྱུང་།

༢༠༡༩ ཟླ ༢ ཚེས་༥་དང་། བོད་ཟླ་དང་པོའི་ཚེས་གཅིག་སྟེ་བོད་ས་ཕག་ལོའི་ལོ་སར་ཚེས་གཅིག་ཉིན། སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་དང་རི་ཁོན་ཆོས་འཁོར་དགོན་གཉིས་ཀྱི་མཉམ་རུབ་གོ་སྒྲིག་འོག་སུད་སི་ས་གནས་མི་མང་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཐོག་ལོ་སར་དགའ་འཛོམས་དང་། ཞབས་རིམ་བསྔོ་སྨོན་སོགས་ལེགས་གྲུབ་བྱུང་ཡོད་འདུག 

གོང་ཚེས་ཉིན་བོད་རྒྱལ་ལོ་༢༡༤༦ ས་མོ་ཕག་གི་གནམ་ལོ་གསར་ཚེས་གྱི་ཉིན་ཆོས་ཕྱོགས་ཀྱི་མཛད་རིམ་དམིགས་བསལ་གོ་སྒྲིག་ཞུ་བཞིན་པ་ལྟར། ད་ལོ་ཡང་སྔར་རྒྱུན་བཞིན་སུད་སི་རི་ཁོན་ཆོས་འཁོར་དགོན་དུ་དཀར་གཙང་གི་ཁ་བ་མཐུག་པོ་དང་། དྭངས་གཙང་གི་མཁའ་དབུགས་དང་མཉམ་དུ་ས་གནས་མི་མང་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱུང་ཡོད་པ་དང་། མི་མང་གི་ལོ་སར་ཚེས་གཅིག་ཉིན་མཆོད་མཇལ་དང་། བསྔོ་སྨོན་སོགས་ཆོས་ཕྱོགས་ཀྱི་བྱ་བ་དཀར་པོས་མདུན་བསུས་ཏེ། མི་རྣམས་བདེ་ཞིང་སེམས་ཅན་སྐྱིད་པའི་བཀྲ་ཤིས་ཁ་གཡང་འབོད་བཞིན་ལོ་སར་གྱི་མཛད་རིམ་ལེགས་གྲུབ་ཡོད་འདུག

བོད་ས་ཕག་ལོ་འདི་ནི་༧གོང་ས་མཆོག་གི་རང་ལོ་དང་། ༧གོང་ས་མཆོག་དགུང་གྲངས་༨༥ ཕེབས་པའི་ལོ་ཡིན་སྟབས་བོད་ནང་གཙོས་པའི་བོད་མི་འདུས་སྡོད་བྱེད་ས་གང་སར་སེམས་ཅན་ཚེ་ཐར་དང་། དམིགས་བསལ་ལོ་འདིར་ཕག་གསོ་བ་དང་། ཕག་ཤ་ཟ་བ་སོགས་སྤོང་བཞིན་པའི་ལས་འགུལ་དམིགས་བསལ་བ་ཞིག་འགྲོ་བཞིན་པའི་གནས་ཚུལ་དྲ་ལམ་ཁག་ཏུ་ཁྱབ་ཡོད་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 4 སམས་རགས།