སུད་སི་འཇི་ཎའི་ཝར་རྒྱལ་སྤྱིའི་མཉམ་འབྲེལ་ཚོགས་ནས་བོད་ནང་བདེན་འཚོལ་ཚོགས་ཆུང་ཞིག་འཕྲལ་གཏོང་ཡོང་བའི་འབོད་བསྐུལ་གྱིས་ལས་འགུལ་སྤེལ་ནས་ལོ་གཅིག་ཧྲིལ་པོ་འཁོར་བའི་ལས་དོན་བསྐྱར་ཞིབ་ཀྱིས་ངོ་རྒོལ་གནང་བ།

༄༅། །ཟླ་བ་ ༦ ཚེས་ ༡༨ ད་རིང་རེས་གཟའ་ཟླ་བའི་ཉིན་སུད་སི་གྲོང་ཁྱེར་འཇི་ཎི་ཝར་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ ༤༠༠ལྷག་སྐོར་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་འཐད་ཉམས་གཞིགས་ཚོགས་ཆུང་ཞིག་འཕྲལ་གཏོང་ཡོང་བའི་རེ་བསྐུལ་དང་དེ་བཞིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དང་ཆབ་སྲིད་ཀྱི་བཙོན་པ་ཁག་བཙོན་ཁང་ནས་གློད་གྲོལ་གཏོང་དགོས་པ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིགས་གཞུང་ སྐད་ཡིག་ བུད་མེད་ཀྱི་ཐོབ་ཐང་བཅས་ལ་རྩི་བཀུར་དགོས་པ་དང་བོད་གཞུང་སྐུ་ཚབ་རྣམས་ཀྱི་དབར་མུ་འཐུད་གྲོས་མོལ་གནང་དགོས་པ་བཅས་དོན་ཚན་བཅུའི་ལས་འགུལ་དེ་ཕྱི་ལོ་ ༢༠༡༡ ནས་འགོ་འཛུགས་གནང་པས་ཟླ་རེ་བཞིན་ས་གནས་ཚོགས་ཆུང་ཁག་ནས་རྒྱལ་སྤྱིའི་མཉམ་འབྲེལ་ཚོགས་ཀྱི་མདུན་ཐང་དུ་ཞི་རྒོལ་གནང་ནས་ད་རིང་ལོ་གཅིག་ཧྲིལ་པོ་འཁོར་བས་ཉིན་མ་དང་བསྟུན་ལས་འགུལ་གྱི་དགོས་དོན་མ་སྒྲུབ་བར་མུ་འཐུད་ཞི་རྒོལ་གནང་རྒྱུ་ཡིན་པ་རེད།འཇི་ཎི་ཝར་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་མདུན་ཐང་དུ་མི་མང་ཚང་འཛོམས་གནང་པ་དང་མཛད་རིམ་སྙན་ཁག་སྒྲོན་ཞུས་རྗེས་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དབུས་དགེ་འདུན་རྣམ་པས་བསྔོ་སྨོན་དབུ་འཛུགས་ཞུས། མི་མང་གི་ཚོགས་གཙོ་གངས་གཞོན་ཚང་བློ་བཟང་ལགས་ནས་ལས་འགུལ་གྱི་ངོ་སྤྲོད་གསུང་བཤད་གནང་། འཇི་ཎི་ཝ་གྲོང་ཁྱེར་གྱི་ནང་ཁྲིམས་བལྟ་རྟོགས་པའི་ཚོགས་གཙོ་ལྕམ་སྐུ་ Mrs.Marguerlte Contat Hikel མཆོག་ནས་གསུང་བཤད་གནང་། ཡུ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ནས་ཀྱང་གསུང་བཤད་གནང་དོན་ད་རིང་ཞི་རྒོལ་དུ་མི་མང་པོ་ཕེབས་པར་དགའ་བསུ་ཞུས་པ་དང་སླད་ཞི་རྒོལ་དེ་ལྟ་བུར་ཕྱི་རྒྱལ་གང་མཉམ་བཞུགས་ཐུབ་པའི་མ་འོངས་པར་ཐབས་ཤེས་གནང་ཐུབ་ཚེ་དགེ་ཚན་ཆེ་བར་གཟིགས་ཀྱི་ཡོད་པའི་སྐོར་གསུང་ཡོད།བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་རང་ལུས་མཆོད་མེར་འབུལ་མཁན་རྣམས་ཀྱི་ཆེད་མྱ་ངན་གུས་བདུད་ཞུས། གཞུང་འབྲེལ་ཚིག་དོན་ཐོག་ཞི་བའི་སྐད་འབོད་གནང་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་སུ་གོམ་འགྲོས་གནང་། རྒྱལ་ཚོགས་ཀྱི་མདུན་ཐང་དུ་ད་བར་ལོ་གཅིག་ནང་ལས་འགུལ་སྤེལ་ཟིན་པའི་ལྟང་སྣང་བསྐྱར་ཞིབ་སྐོར་མི་མང་ཚོགས་གཙོས་མང་ཚོགས་ལ་གསུང་བཤད་གནང་།འཇི་ཎི་ཝའི་སྐུ་ཚབ་དོན་གཅོད་ཁང་ཟླ་བ་རྒྱ་མཚོ་ལགས་ནས་གསུང་བཤད་གནང་པ་དང་། མི་མང་གི་ཟློས་གར་དང་ཚོགས་ཆུང་ཧོར་གྷན་དེ་བཞིན་ནེ་ལུང་ཚེ་རིང་སྟོབས་ལྡན་ལགས་གཙོས་གཞས་པ་ཁག་ནས་གསུང་གཞས་གནང་པ་བཅས་ཉིན་རྒྱབ་ཆུ་ཚོད་ ༣ པར་མཛད་རིམ་མཇུག་སྒྲིལ་ཞུས་ཡོད་པ་རེད། འདྲ་པར་་ 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 1 སམས་རགས།