ཡོ་­རོབ་­གཞོན་­ནུའི་­གྲོས་­ཚོགས་­ཐེངས་­དང་­པོ།།

༄༅། །ཡོ་རོབ་གཞོན་ནུའི་ཚོགས་ཆེན་དང་པོ་དེ་སུད་སིར་ཕྱི་ཟླ་ ༤ ཚེས་ ༩།༡༠།༡༡ བཅས་ཉིན་གསུམ་རིང་ཚོགས་གནང་ལེགས་གྲུབ་བྱུང་ཡོད་པ་རེད། ཚོགས་ཆེན་འདི་ཡི་ནང་ཡོ་རོབ་ས་འཁུལ་མང་པོ་ནས་བོད་རིགས་གཞོན་ནུ་མང་པོའི་ཚོགས་མི་རྣམ་པ་ཚང་འཛོམས་གནང་ཡོད་པ་དང༌། ཉིན་གཉིས་པར་ྋབོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ྋཞབས་སོར་འཁོད་ནས་ཡོ་རོབ་གཞོན་ནུ་ལོ་༤༠ འཁོར་བའི་དུས་དྲན་དང་འབྲེལ་བོད་རིགས་གཞོན་བསྐྱེད་རྣམས་ལ་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། དེསྐབས་རང་གཞུང་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ལ་ཇི་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཕེབས་དོན་ལྟར་བོད་གཞུང་དང་འབྲེལ་བའི་བཅའ་འདྲི་ཁག་ཡོད་ཚེ་ཁོང་རྣམ་པ་གཉིས་དང་རྒྱ་བོད་འབྲེལ་ལམ་འཐད་བཅའ་འདྲི་ཡོད་ཚེ་སྐུ་ངོ་བསྐལ་བཟང་རྒྱལ་མཚན་ལགས་སུ་བཅའ་འདྲི་ཞུས་དགོས་པ་བཀའ་སློབ་བཀྲིན་ཕེབས་དོན་ལྟར་གཞོན་ནུ་དགའ་ཤས་ནས་ཚོུད་ཕྱེད་ཀའི་རིང་བཅའ་འདྲི་ཞུ་མཁན་ཡང་བྱུང་ཡོད། ཉིན་གསུམ་པར་མ་འོངས་བཀའ་ཁྲིའི་ཆེད་གྲོས་གླེང་ཡང་གནང་ཡོད་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 4 སམས་རགས།