ཡུ་རོབ་བོད་དང་མཉམ་དུ་ཡོད། གསུམ་བཅུའི་དུས་དྲན་ཐེངས་ ༦༠་ པ།

སྤྱི་ལོ་༢༠༡༩ཟླ ༣ཚེས་༡༠ཉིན་བོད་མའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་༦༠བ་དང་ཡོ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་བོད་དོན་ལས་འགུལ་ཆེན་མོ་ཐེངས་བཞི་བ་དེ་ཡོ་རོབ་རྒྱལ་ཁབ་བྷེལ་ཇམ་ནང་འཚོགས་ཡོད་པ་དང་། དེ་ཡང་སུད་སི་དང་། བྷེལ་ཇམ། ཧྥི་རན་སི། སི་པན། ནེ་ལྡར་ལན། འཇར་མན་སོགས་ཡུ་རོབ་གྱི་བོད་རིགས་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་པ་ཐུན་མོང་གི་གོ་སྒྲིག་འོག གསུམ་བཅུའི་དུས་དྲན་ཐེངས་༦༠ པ་སྲུང་བརྩི་གནང་ཡོད་འདུག

གོང་ཚེས་ཉིན་གྱི་ཞོགས་པའི་ཆུ་ཚོད ་༡༠ ནས་དབུ་འཛུགས་ཀྱིས་ཡོ་རོབ་བྷེལ་ཇམ་གྱི་རྒྱལ་ས་སྦུར་སལ་ནང་ བོད་མིའི་རང་དབང་སྒེར་ལངས་བྱས་ནས་ལོ་ངོ་༦༠་འཁོར་པའི་གསུམ་བཅུའི་དུས་དྲན་ཐེངས་༦༠ པའི་དུས་དྲན་གཞི་རྒྱ་ཆེ་བ་ཞིག་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་འཐུས་མི་དང་། བོད་དོན་རྒྱབ་སྐྱོར་པ། ཡུ་རོབ་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས། སྐུ་མགྲོན་གཙོ་བོ་རང་གཞུང་ནང་སྲིད་བཀའ་བློན་སྐུ་ངོ་འཁོར་ལྷ་ཚང་དོན་བསོད་ནམས་སྟོབས་རྒྱལ་མཆོག གཅོད་ཁག བོད་རིགས་ཚོགས་པ་ཁག་གི་ཚོགས་གཙོ་དང་རྒྱུན་ལས་རྣམས་ཀྱི་གཙོས་པའི་བོད་མི་སྟོང་ཕྲག་གསུམ་ལྷག་འདུ་འཛོམས་གྱིས་ཡུ་རོབ་བོད་དང་མཉམ་དུ་ཡོད་ཞེས་པའི་ལས་འགུལ་ཐེངས་བཞི་བ་དེ་གཞི་རྒྱ་ཆེ་བའི་ངང་སྤེལ་ཡོད་འདུག

 

ལས་འགུལ་འདི་ཉིད་གྲོང་ཁྱེར་སྦུར་སལ་གྱི་ས་ས་གནས་ Gare du Nord ནས་གོམ་བགྲོད་གྱིས་ Le Mont des Arts བར་སྐད་འབོད་ཁྲོམ་སྐོར་དང་། གཞན་ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་དང་། ཕྱོགས་བཞུགས་སྤྱི་འཐུས་རྣམ་གཉིས། དོན་གཅོད་ཁག་གིས་དུས་དྲན་དང་འབྲེལ་བའི་གཏམ་བཤད་སོགས་ཀྱི་ནང་། བོད་ཀྱི་ད་ལྟའི་གནས་སྟངས་ལ་རྒྱལ་སྤྱི་དང་། དམིགས་བསལ་ཚོགས་སྡེ་ཁག་གིས་བདག་སྤྲོད་གནང་དགོས་ཀྱི་ཡོད་པ་དང་། རྒྱ་གཞུང་གིས་ལོ་ངོ་དྲུག་བཅུའི་གཡོ་ཐལ་ཅན་གྱི་སྲིད་བྱུས་ལ་བསྒྱུར་བཅོས་གཏོང་དགོས་ཀྱི་ཡོད་པའི་འབོད་སྐུལ་དང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་དོན་འགྲུབ་དབང་ཆེན་ལགས་ནས་ཁོང་ནས་རྒྱ་ནག་གི་བཙོན་ཁང་དུ་མནར་གཅོད་ཇི་ལྟར་མྱོང་བའི་སྐོར་དང་བོད་ནང་གི་ཆབ་སྲིད་བཙོན་པ་ཚོའི་གནས་སྟངས་སྐོར་འགྲེལ་བརྗོད་གཏམ་བཤད། བོད་ཀྱི་བུད་མེད་ཆབ་སྲིད་བཙོན་ཟུར་འགས་ཁོ་མོ་ཚོས་བཙོན་ནས་བརྩམས་པའི་རང་བཙན་གླུ་དབྱངས་སོགས་སྡིང་ཆའི་ཐོག་ནས་མཉམ་གཞས་དང་སྤྲགས་ཐེངས་འདིའི་གཞི་རྒྱ་ཆེ་བའི་ཡོ་རོབ་བོད་དོན་ལས་འགུལ་ཆེན་མོ་དང་གསུམ་བཅུ་དུས་དྲན་ཐེངས་དྲུག་བཅུ་བ་འཁོར་བའི་ངོ་རྒོལ་སྐད་འབོད་ལས་འགུལ་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་ཡོད་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 6 སྡོམས་རོགས།