ཡུ་རོབ་གྲོས་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཉིན་གཉིས་པ།

ཟླ་༥ ཚེས་༣ ཉིན་སུད་སིར་གནས་སྡོད་ཁྱིམ་ཚང་དྲུག་གིས་སྦེལ་ཇམ་གྲོང་ཁྱེར་སྦར་སིལ་ནང་བརྟེན་གཞི་བྱས་པའི་ཡུ་རོབ་མཉམ་འབྲེལ་གྲོས་ཚོགས་མདུན་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཉིན་གསུམ་པའི་ཉིན། ཡུ་རོབ་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚོགས་མི་ chilly drizzle མཉམ་ཞུགས་གནང་ཡོད་པ་དང་། ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཡོད་པའི་བཀའ་སློབ་གནང་།

 གཞན་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་ ཁི་ས་སྦར་སོར་རྒོར་Csaba Sogor ལགས་མཉམ་ཞུགས་གནང་ཡོད། ཁོང་གིས་བོད་ཀྱི་རང་དབང་འཐབ་རྩོད་འདི་ཉིད་བོད་ཀྱི་དངོས་ཡོད་ལོ་རྒྱུས་དང་། རྒྱ་ནག་གི་མི་རབས་རྗེས་མ་ཚོའི་དགོས་འདོད་དང་ཡང་མཐུན་ངེས་ཡིན་པའི་གཏམ་བཤད་གནང་། སྐུ་ཞབས་ཁི་ས་སྦ་སོ་རྒོར་ལགས་ནི་བོད་དོན་རྒྱབ་སྐྱོར་ཚོགས་པའི་མི་སྣ་གཙོ་གྲས་ཤིག་དང་། བོད་དོན་ཉམས་ཞིབ་ཆེད་རྒྱ་གར་རྡ་རམ་ས་ལར་ཐེངས་འགར་ཕེབས་མྱོང་བ་མ་ཟད། སྦེལ་ཇམ་དོན་གཅོད་དང་འགྲོགས་འདྲིས་ཡུན་རིང་གནང་མྱོང་བའི་བོད་ཀྱི་གྲོགས་པོ་ཞིག་ཡིན། ​

ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་ལྕམ་ཟོ་ཙི་ས་ན་ཧྥི་རན་སེ་ Ms Zsuzsana Ferenczy མཉམ་ཞུགས་གནང་སྟེ་ཡུ་རོབ་གྲོས་ཚོགས་ཀྱི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་གཙང་མ་བྱེད་ཀྱིན་ཡོད་སྐོར་གཏམ་བཤད་གནང་།

 ཡུ་རོབ་གྲོས་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་སྐུ་ཞབས་ ཕེན་ཙེ་རེ་ Panzeri ལགས་མཉམ་ཞུགས་གནང་སྟེ། ཁོང་ལ་ཐེངས་འདིའི་བོད་དོན་ཞུ་གཏུག་གི་དགོས་འདུན་དོན་ཚན་ཁག་འཁོད་པའི་སྙན་ཞུ་ཁག་ལས་འགུལ་འགན་འཛིན་སྟག་ཚང་ཆོས་སྒྲོན་ལགས་ཀྱིས་དངོས་སུ་ཕུལ་ཡོད་པ་དང་། ཡུ་རོབ་གྲོས་ཚོགས་ཀྱི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་མཐའ་ནན་གནང་དགོས་པའི་འབོད་སྐུལ་ཞུས། སྐུ་ཞབས་ཁོང་གིས་ཀྱང་བོད་དོན་ལ་གདུང་སེམས་མཉམ་སྐྱེད་ཡོད་པ་དང་། ཐེངས་འདིའི་ལས་འགུལ་བ་རྣམས་ལ་བསྔགས་བརྗོད་སོགས་ཀྱི་གཏམ་བཤད་གནང་།

ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཐོ་མ་སི་མན Thomas Mann ལགས་མཉམ་ཞུགས་གནང་ཞིང་། ཁོང་གིས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་བོད་དོན་རྒྱབ་སྐྱོར་གནང་སྟངས་དང་། དམིགས་བསལ་དབུ་མའི་ལམ་གྱི་དགོངས་དོན་ལ་རྒྱབ་སྐྱོར་གནང་གལ་ཆེ་བའི་སྐོར་བཀའ་སློབ་གནང་།

མཐར་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་ སྐུ་ཞབས་ཐོ་ནེ་ཁེལ་ལམ་ Mr Tunne Kelam ལགས་ཀྱིས་ཁོང་གི་ཕ་ཡུལ་ཨེ་སི་ཐོ་ནེ་ཡའི་ལོ་རྒྱུས་དང་སྦྲགས་གསུང་དོན། ཨེ་སི་ཐོ་ནེ་ཡ་ཡང་སྔོན་ཆད་སོ་ཝེ་ཊིའི་དབང་འོག་ནས་རང་དབང་འཐབ་རྩོད་གནང་ཡོད། ༢༩༩༠ ནས་གཟའ་ཟླ་བ་ཆ་ཅན་ནང་སི་ཝི་རྡན་གྲོས་ཚོགས་ལ་ཞུ་འབོད་བྱས་ཡོད་ཅིང་། སྐབས་དེར་མི་སུ་ཞིག་གིས་ཀྱང་ང་ཚོའི་ལས་འགུལ་དེར་གྲུབ་འབྲས་འཐོན་རྒྱུར་ཚོད་དཔག་ཐུབ་ཀྱིན་མེད། འོན་ཀྱང་ད་ལྟ་ཨེ་སི་ཐོ་ནེ་ཡ་ནི་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཆགས་ཡོད། ཡུ་རོབ་ནང་སྔོན་མ་ཨུ་རི་སིའི་དབང་འོག་ལ་ཤོར་མྱོང་བའི་རྒྱལ་ཁབ་ཆུང་ཆུང་ཨེ་སི་ཐོ་ནེ་ཡ་དང་། ཝ་ཏི་ནེ་ཡ། རེ་ཐོ་ནེ་ཡ་བཅས་རྒྱལ་ཁབ་འདི་དག་གིས་མི་མང་པོ་ཞིག་གི་རང་དབང་ཐོབ་པའི་ངོས་འཛིན་ཐུབ་ཀྱིན་མེད་ཀྱང་། ད་ལྟ་ཁོ་ཚོ་ཚང་མར་རང་དབང་ཐོབ་ཡོད་པ་རེད། བོད་པ་ཚོས་ཀྱང་་དེ་རིང་འདིར་ལས་འགུལ་སྤེལ་བ་ཚོ་ནང་བཞིན་བོད་དོན་འཐབ་རྩོད་རྒྱུན་མ་ཆད་པར་མུ་མཐུད་སོང་ཚེ་བོད་པ་སྐྱོན་གནང་ཚེ་བོད་རང་དབང་གི་ཉིན་ཞིག་འཆར་ངེས་པའི་་སྐོར་དང་། ང་ཚོས་བོད་དོན་འདི་རྒྱ་ནག་གཞུང་དང་དྲང་བདེན་དང་དོ་ཁུར་ཡོད་པའི་གྲོས་མོལ་བརྒྱུད་དཀའ་ངལ་སེལ་དགོས་པའི་རེ་བ་འདོན་གྱིན་ཡོད། གཞན་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་རྩ་གཏོར་གཏོང་བཞིན་པའི་སྲིད་བྱུས་དེ་མྱུར་དུ་འཚམས་འཇོག་རོགས། ཞེས་སོགས་གཏམ་བཤད་སོགས་གནང་ཡོད་འདུག

ནང་མི་དྲུག་གི་ལས་འགུལ་བ་རྣམས་ཀྱིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། དམིགས་བསལ་ཐེངས་འདིར་ཡུ་རོབ་མཉམ་འབྲེལ་རྒྱལ་ཚོགས་ལ་གཤམ་གསལ་རེ་འདུན་ཁག་འདོན་གྱིན་ཡོད་འདུག

1)     རྒྱ་གཞུང་གིས་བླ་རུང་སྒར་དང་ཡ་ཆེན་སྒར་སོགས་བོད་ནང་གི་ཆོས་སྡེ་ཁག་གཏོར་བཅོམ་དང་། བཙན་དབང་སོགས་གཏོང་རྒྱུ་འཚམས་འཇོག་བྱ་ཆེད་གང་མགྱོགས་རང་དབང་གི་གནས་ཚུལ་རྟོག་ཞིབ་སྡེ་ཁག་ཅིག་ས་གནས་དེ་དག་ལ་གཏོང་ཐབས་གནང་དགོས།

2)     བོད་མི་ཡོངས་ཀྱི་རེ་འདུན་དང་། དམིགས་བསལ་བོད་མི་ས་གཅིག་དང་ཕྱེད་ལྷག་རྒྱ་གཞུང་གིས་དམར་གསོད་བཏང་བ་རྣམས་ཀྱི་རེ་འདུན། རང་ལུས་མེར་སྲེག་གནང་མཁན་༡༤༦ ལྷག་གི་རེ་འདུན་ཁ་ཆེམས་ལྟར་༧གོང་ས་མཆོག་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་བོད་ནང་ཕྱིར་ཕེབས་གནང་ཐབས་གནང་དགོས།

3)     པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མཆོག་གིས་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་གཏོང་ཐབས་གནང་དགོས།

4)     རྒྱ་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་དང་མཉམ་དུ་བོད་དོན་དཀའ་ཉོག་སེལ་ཐབས་ཐད་གྲོས་མོལ་གནང་རྒྱུར་རོགས་སྐྱོར་གནང་དགོས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 2 སྡོམས་རོགས།