ཡིད་སྐྱོའི་གནས་ཚུལ། ༢༠༡༡ ཟླ་ ༩ ཚེས་ ༥ རེས་གཟའ་ཟླ་བ།

༄༅། །སྔར་འགྱུར་བསྟན་པའི་མངའ་བདག་སྐྱབས་རྗེ་འཁྲུལ་ཞིག་ཞྭ་སྤྲུལ་མཁན་ཆེན་འགྱུར་མེད་ངག་དབང་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་དགོངས་པ་གཞན་དོན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བརྟེན། ཕྱི་ཚེས་ ༥ ཉིན་གྱི་ཆུ་ཚོད་ ༡༢ ཐོག་ལས་བྱེད་གསོལ་ཚང་ཡང་སྟེང་ཚོགས་ཁང་དུ་མཆོད་མེ་བརྒྱ་ཚར་དང་སྦྲགས། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་རྣམ་གཉིས། དེ་བཞིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང། ལས་ཁུངས་ཁག་གི་དྲུང་ཆེ་ཆུང་རྣམ་པ། གཞན་ཡང་སྲི་ཞུའི་ལས་བྱེད་རྣམས་ཚང་འཛོམས་ཀྱིས་ཆུ་ཚོད་གཅིག་རིང་སྨོན་ལམ་གསུང་འདོན་དང་མྱ་ངན་ངག་བཅད་སྐར་མ་གཅིག་རིང་གནང་། དེ་ཉིན་ཞིང་གཤེགས་སྐྱབས་རྗེ་རིན་པོ་ཆེ་མཆོག་ལ་མྱ་ངན་གུས་འདུད་མཚོན་ཆེད་དབུས་ཀྱི་ལས་ཁུངས་ཁག་སྒོ་བརྒྱབ་ཡོད་པ་བཅས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 5 སམས་རགས།