འཐུས་མི་གསར་བ་གཉིས་ཀྱིས་དམ་འབུལ་ཞུས།

༢༠༡༨་༤་༧་ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ཚོགས་པའི་སྐབས་བཅུ་བདུན་པའི་ས་གནས་འཐུས་མིའི་ལོ་དུས་དང་པོའི་ཚོགས་ཐེངས་གཉིས་པའི་སྟེང་ཧོར་གྷན་ས་གནས་ཀྱི་འཐུས་མི་གསར་བ་བསྟན་འཛིན་དབང་འདུས་ལགས་དང་ཨུཛ་ནག་དང་ཝ་ཊ་ཝིལ་ས་གནས་ཀྱི་འཐུས་མི་གསར་བ་གཞི་ཁ་དངོས་གྲུབ་ལགས་གཉིས་ཀྱིས་ཚོགས་གཙོ་མཚམས་མདའ་ནོར་བུ་ལགས་ཀྱི་མདུན་ནས་དམ་འབུལ་ཞུས་འདུག

སྤྱིར་སིད་སུ་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྐབས་བཅུ་བདུན་པའི་འཐུས་མིའི་འོས་བསྡུ་ནི་༢༠༡༨་༢་༣་དང་སྤྱི་ལོ་༢༠༡༨་༣་༣་ཉིན་འདེམས་ཐོན་བྱུང་བའི་འཐུས་མི་རྣམས་ཀྱིས་ས་གནས་ཁྲིམས་ཞིབ་པའི་མདུན་དུ་དམ་འབུལ་བྱས་ཟིན་ནའང་། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྒྲིག་གཞི་ལྟར་ས་གནས་འཐུས་མི་རྣམས་ཀྱིས་ལས་འཁུར་དམ་འབུལ་བྱས་རྗེས་ས་གནས་འོས་བསྡུ་ལྷན་ཁང་གི་སྟངས་འཛིན་འོག་འཐུས་མི་ནང་ཁུལ་ནས་ཚོགས་གཙོ་དང་ཚོགས་གཞོན་ཞིག་འོས་འདེམས་བྱ་རྒྱུ་དང་། བདམས་ཐོན་བྱུང་བའི་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱིས་ས་གནས་འཐུས་མིའི་ལས་འགན་གཅིག་ལྕོགས་སུ་གནང་དཀའ་བས་ཁོང་གཉིས་ཀྱི་ཚབ་ཏུ་ས་གནས་སོ་སོ་ནས་འཐུས་མི་གསར་བ་རེ་ཕེབས་དགོས་སྟབས། ཧོར་གྷན་ས་གནས་ཀྱི་འཐུས་མི་མཚམས་མདའ་ནོར་བུ་ལགས་ཚོགས་གཙོ་དང་ཨུཛ་ནག་དང་ཝ་ཊ་ཝིལ་ས་གནས་ཀྱི་འཐུས་མི་ཕྱོགས་ཤམ་པ་ཕུན་ཚོགས་ལགས་ཚོགས་གཞོན་དུ་གྱུར་བའི་ཚབ་ཏུ་བསྟན་འཛིན་དབང་འདུས་ལགས་དང་གཞི་ཁ་དངོས་གྲུབ་གཉིས་འཐུས་མིའི་ལས་འཁུར་དམ་འབུལ་བྱས་འདུག

ཐེངས་འདིའི་ཚོགས་འདུའི་སྟེང་དུ་འཐུས་མི་གསར་བ་གཉིས་ཀྱིས་དམ་འབུལ་བྱས་པ་ཙམ་མ་ཡིན་པར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་དང་འབྲེལ་བའི་གནད་དོན་གང་མང་ཞིག་གི་ཐད་ལ་གླེང་སློང་དང་།  ལྷག་པར་དུ་སླེབས་ལ་ཉེ་བའི་ཐེངས་ལྔ་བའི་མ་ཧ་གུ་རུ་འབུམ་ཚོགས་ཆེན་མོ་དང་སྤྱི་དགུ་བའི་༧གོང་ས་མཆོག་གི་ཆིབས་བསྒྱུར་གྱི་སྐོར་ལ་བགྲོ་གླེང་ལྷུག་པོ་གནང་འདུག

སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་འཐུས་མིའི་ཚོགས་འདུ་ནི་ཟླ་རེ་བཞིན་སྐོང་ཚོགས་གནང་བཞིན་ཡོད་ལ་། ལོ་རེའི་སྤྱི་ཟླ་གཉིས་པ་དང་བརྒྱད་པར་ས་གནས་འཐུས་ཚོགས་རེའང་སྐོང་བཞིན་ཡོད་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 3 སམས་རགས།