སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སུད་སིར་སྲུང་བརྩི་གཟབ་རྒྱས་ཞུས་པ།

༢༠༡༢ ཟླ་ ༧ ཚེས་ ༧ རེས་གཟའ་སྤེན་པ།༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ ཉིན་རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སུད་སི་རི་ཀོན་ཆོས་འཁོར་དགོན་དུ་དབུ་བཞུགས་མཁན་བླ་དགེ་འདུན་རྣམ་པ་དང་བོད་མི་མང་ཆོས་རིགས་བཀའ་བློན། ཡོ་རོབ་སྤྱི་འཐུས་མཆོག་དང་སྤྱི་ཟུར་རྣམ་པ། སྐུ་ཚབ་དོན་གཅོད་དང་ལས་མི་རྣམ་པ། མི་མང་གི་ཚོགས་གཙོ་དང་ཚོགས་གཞོན་ས་འཐུས་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མཛད་གཙོ་རྣམ་པ་བཅས་མི་མང་༣༠༠ ལྷག་སྐོརནས་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་དང་། ཕྱི་ཚེས་ ༧ ཉིན་རྒྱབ་ནས་དགོང་དྲོའི་ཚོུད་ ༡༢ བར་ས་གནས་བྷུའི་ལག་ཏུ་གོང་གསལ་དབུ་བཞུགས་ཐོག་མི་མང་ཡོང་ནས་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།ཐོག་མར་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་སྤྱན་རྒྱ་སྔོན་བསུས་ཏེ་ཚོགས་ཁང་ནང་གདན་འདྲེན་ཞུས་པ་དང་། མཛད་གཙོ་ཁག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་འབྲེལ་སྐུ་མགྲོན་རྣམས་ནས་སྐུ་དཔར་རིན་པོ་ཆེར་མཇལ་དྭར་འབུལ། མི་མང་ཟློས་གར་གྱིས་དབུས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གསུང་བ། ཆོས་འཁོར་དགོན་གྱི་དགེ་འདུན་རྣམ་པས་དབུ་༸རྒྱལ་བའི་༸ཞབས་བརྟན་དང་བདེན་གསོལ་སྨོན་ཚིག་ཡིག་དྲུག་མ་ཎི་བཅས་གསུང་པས་རྗེས་མིང་ཟློོས་གར་ནས་བཀྲིས་པའི་བཀྲིས་ཞོལ་པ་དང་། བོད་སློབ་ཐོུང་ནས་ཆེད་གོ་སྒྲིག་ཞུས་པས་༸གོང་ས་མཆོག་ལ་སྟོད་བསྔགས་མཉམ་གཞས་དང་། སུད་སི་སྟོད་སྐྱིད་ནས་རྒྱལ་གཞས་གཟིགས་འབུལ་ཞུས་ཡོད། མི་མང་ཚོགས་གཙོས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་པ་དང་། ས་གནས་བོད་སློབ་ཁག་ནས་གསུང་གཞས་ཁག་གནང་།  སྐུ་མགྲོན་དུ་ཕེབས་པ་བོད་མི་མང་ཆོས་རིགས་བཀའ་བློན་མཆོག་ནས་མང་ཚོགས་ལ་བཀའ་སློབ་གནང་། རིམ་བཞིན་མཛད་གཙོ་ཁག་ནས་གསུང་བཤད་དང་ཚོགས་ཆུང་ཁག་དང་ཚོགས་སྐྱིད་ཁག་ནས་ཞབས་གཞས་གཟིགས་འབུལ་ཞུས་ཡོད་པ་རེད། འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 5 སམས་རགས།