ཞུ་སྙན། སུད་སིར་འབྱོར་ནས་ལོ་མང་སོང་བའི་བོད་མི་སྐྱབས་བཅོལ་ཞུ་མཁན་ལ་གཞུང་གིས་འགྲོ་བ་མིའི་བདེ་རྡུག་གི་དཀའ་ངལ་སེལ་ཐབས་གནང་དགོས།

སུད་སིའི་སྐྱབས་བཅོལ་བའི་སྒྲིག་ཁྲིམས་ལ་བསྐྱར་བཅོས་ཟིན་ནས་ལོ་གཉིས་ཙམ་སོང་། བསྐྱར་བཅོས་ཁྲིམས་གསར་དེའང་སྟབས་བདེ་རུ་བཏང་ཡོད། སྐྱབས་བཅོལ་བའི་སྒྲིག་ཁྲིམས་རྙིང་པའི་འོག་ནས། བོད་མི་ ༣༠༠ ལྷག་ལ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་བོད་ས་གནས་གང་ནས་ཡིན་མེན་གྱི་ཡིག་ཆ་ཁུངས་སྐྱེལ་དང་། རྩོད་རྙོག་ཅན་གྱི་སྐད་ཀྱི་སྒ་གདངས་ལ་དཔྱད་པ་བྱས་རྗེས་ར་སྤྲོད་མ་ཐུབ་པས་སྐྱབས་བཅོལ་ངོས་ལེན་མ་བྱས་པར་ལྷག ད་ལྟའང་བོད་མི་ ༢༥༠ ཙམ་ལ་སྐྱབས་བཅོལ་གྱི་ཡིག་ཆ་མེད་པས། ཁོང་ཚོར་སྤྱི་ཚོགས་ཉེན་སྲུང་མེད་པ་མ་ཟད། ཁྲིམས་མེད་ཀྱི་གནས་སྟངས་འོག་གནས་ཡོད།

  • སུད་གཞུང་ནས་བོད་མི་སྐྱབས་བཅོལ་བ་རྣམས་ཕྱིར་རྒྱ་ནག་ལ་སློག་མི་དགོས་པ་ཟུར་འདོན་བྱས་ཡོད། བོད་མི་སྐྱབས་བཅོལ་ངོས་ལེན་མ་བྱས་པ་དེ་དག་རྒྱ་གར་དང་བལ་ཡུལ་ནས་ཡིན་པ་ངོས་འཛིན། རྒྱལ་ཁབ་དེ་གཉིས་ཀྱིས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་མཐུན་གྲོས་ལ་ངོས་འཛིན་མ་བྱས་པ་མ་ཟད། ཉེ་ཆར་བལ་ཡུལ་གཞུང་དང་རྒྱ་ནག་དམར་ཤོག་གཞུང་དབར་ལག་སྦེལ་གྱིས། བལ་ཡུལ་དུ་འབྱོར་བའི་སྐྱབས་བཅོལ་དེ་དག་རྒྱ་ནག་ལ་ཕྱིར་སློག་རྩིས་སྤྲོད་ཀྱི་ཁྲིམས་གཞིར་མིང་རྟགས་བཀོད། དོན་དངོས་ཐོག་སུད་སིར་འབྱོར་བའི་སྐྱབས་བཅོལ་བ་རྣམས་རྒྱ་གར་དང་བལ་ཡུལ་ལ་ཕྱིར་སློག་རྒྱུ་དེ་མི་སྲིད་པ་རེད།

  • སྐྱབས་བཅོལ་ངོས་ལེན་མ་ཐོབ་པའི་རིགས་ལ། བསྐྱར་དུ་ཞུ་སྙན་ཕུལ་བའི་བོད་མི་ཚོར་གནས་ཡུལ་སྤོ་བཤུད་ལྷན་ཁང་ (Staatssekretariat für Migration SEM) གིས་དམིགས་བསལ་སྒྲིག་ཁྲིམས་དམ་པོ་དང་། སྒྲུབ་དཀའ་བའི་དཔང་རྟགས་གསར་པ་དགོས་གསུངས་ནས་དཀའ་ངལ་འཕྲད་མུས་ཡིན།

  • དཔལ་འབྱོར་གྱི་རྒྱབ་བསྟེན་ཞན་པའི་གཞོན་སྐྱེས་བོད་མི་སྐྱབས་བཅོལ་བ་ཕལ་མོ་ཆེ་དང་། རེ་བཟུང་ལ་ཕྲུ་གུ་ཡོད་པ་དེ་དག་སྐྱབས་བཅོལ་ཁང་འདྲ་མིན་ནང་འགྲོ་ལུགས་མི་ཤེས་པར་ཁ་འཐོར་ནས་གནས་ཡོད།

  • སུད་སི་གཞུང་གིས་དཀའ་ངལ་ཡོད་པའི་བོད་མི་སྐྱབས་བཅོལ་བའི་ཉིན་རེའི་འཚོ་བ་དང་། ཁང་གླ། སྤྱི་ཚོགས་ཀྱི་འཚོ་བསྟེན་མེད་པ་ཚོར་དཔལ་འབྱོར་གྱི་འགྲོ་གྲོན་གཏོང་བཞེན་ཡོད་ནའང་། ཁོང་ཚོ་ནི་འཚོ་བ་རང་སྐྱོང་ཡོང་སླད་ལས་ཀ་བྱེད་པའི་འདུན་པ་ཡོད་པ་ཤ་སྟག་རེད།

  • ཁྲིམས་ཐོག་ནས་ཆ་རྐྱེན་མི་ལྡན་ནའང་། མང་དག་ཅིག་སུད་སི་རོགས་ཚོགས་ཁག་དང་བོད་རིགས་ཚོགས་པ་ཁག་བརྒྱུད་སུད་སི་སྤྱི་ཚོགས་ནང་ཟླ་སྒྲིལ་ཡོང་ཐབས་སླད་ཁོང་ཚོས་སུད་སི་སྐད་ཡིག་སློབ་འཁྲིད་བྱེད་ཀྱི་ཡོད། ཁོང་ཚོས་དང་བླང་ལས་འགུལ་སྣ་མང་ནང་ཆ་ཤས་ལེན་གྱི་ཡོད་ནའང་། ལས་འགུལ་དེ་དག་ནང་ཉམས་ཞགས་བྱས་པའི་རྐྱེན་གྱིས་དཔལ་འབྱོར་གྱི་ཉེས་ཆད། ཡང་ན་བཙོན་དུ་འགྲོ་བའི་ཉེས་ཆད་ཕོགས་རྒྱུ།

ང་ཚོའི་དགོས་འདུན་ཁག་ནི།

ཕྱི་ལོ་ ༡༩༦༠ ནང་སུད་སི་གཞུང་གིས་བོད་ནས་བཙན་བྱོལ་དུ་འབྱོར་བའི་བོད་མི་ ༡༠༠༠ ཙམ་ཞིག་ལ་སྦྱི་ཚོགས་བདེ་སྡུག་གཟིགས་ནས་སྐྱབས་བཅོལ་བའི་གནས་བབས་ངོ་བཞེས་གནང་ཡོད་པའི་ལམ་སྲོལ་བཟང་པོ་དེ་དྲན་གསོ་གནང་དགོས་ཀྱི་འདུག

ད་ལྟའི་ཆར་སུད་སི་ནང་བོད་པ་གསར་རྙིང་བསྲོམས་པའི་ ༧༠༠༠ ཙམ་ཞེག་ཡོད། སྐྱབས་བཅོལ་གཞན་དང་བསྡུར་ན་བོད་མི་ཚེ་སུད་སིའི་སྦྱེ་ཚོགས་དང་མཐུན་སྒྲིལ་བཟང་ཤོས་ཡོད་པའི་སྐྱབས་བཅོལ་བ་ཞིག་ཡིན། སུད་སི་མི་སེར་བས་བོད་པ་རྒྱུས་མངའ་མེད་པ་སུ་ཡོད་དམ།
བོད་མི་དེ་དག་ནི་ལས་རིགས་འདྲང་མིན་ནང་ལས་ཀྱ་བྱེད་མུས་ཡིན་པ་དཔེར་ན། ཨེམ་ཆི་དང་ཨེམ་ཆིའེ་ལས་རོགས། ཁྲིམས་རྩོད་པ། དངུལ་ཁང་ལས་བྱེད། ཉེན་སྲུང་འདྲ་མིན་གྱི་ལས་བྱེད། མེ་འཁོར་ལས་བྱེད། ཟ་ཁང་དང་ཟས་སྤྱོད་ཀྱི་ལས་བྱེད། ཡོ་བྱད་དབོར་འདྲེན་གྱི་ཆེད་ལས་པ། སྤྱི་ཚོགས་བདེ་སྡུག་ཚོགས་པའི་འགན་འཛིན། ཆུ་ཚད་བཟོ་ལས་པ། ཚོན་རི་གཏོང་མཁན། ཆུའི་ལས་བྱེད། རི་མོ་བ། དགེ་རྒན། ལམ་སྟོན་འགན་འཛིན། མངའ་སྡེའི་འཐུས་མི། གྲོང་སྡེ་ལྷན་ཁང་གི་འཐུས་མི། ཁང་པ་དང་ལམ་བཟོའི་འཆར་བཀོད་འགན་འཛིན་སོགས་ནང་ཡོད།

བོད་མི་དེ་དག་ནི་ལས་རིགས་འདྲང་མིན་ནང་ལས་ཀྱ་བྱེད་མུས་ཡིན་པ་དཔེར་ན། ཨེམ་ཆི་དང་ཨེམ་ཆིའེ་ལས་རོགས། ཁྲིམས་རྩོད་པ། དངུལ་ཁང་ལས་བྱེད། ཉེན་སྲུང་འདྲ་མིན་གྱི་ལས་བྱེད། མེ་འཁོར་ལས་བྱེད། ཟ་ཁང་དང་ཟས་སྤྱོད་ཀྱི་ལས་བྱེད། ཡོ་བྱད་དབོར་འདྲེན་གྱི་ཆེད་ལས་པ། སྤྱི་ཚོགས་བདེ་སྡུག་ཚོགས་པའི་འགན་འཛིན། ཆུ་ཚད་བཟོ་ལས་པ། ཚོན་རི་གཏོང་མཁན། ཆུའི་ལས་བྱེད། རི་མོ་བ། དགེ་རྒན། ལམ་སྟོན་འགན་འཛིན། མངའ་སྡེའི་འཐུས་མི། གྲོང་སྡེ་ལྷན་ཁང་གི་འཐུས་མི། ཁང་པ་དང་ལམ་བཟོའི་འཆར་བཀོད་འགན་འཛིན་སོགས་ནང་ཡོད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 2 སྡོམས་རོགས།