ཞི་བའི་ལས་འགུལ་བ་རྣམ་གླིང་བློ་ལྡན་ལགས་སུ་ཐུགས་གསོའི་འཚམས་འདྲི་ཞུས་པ།

སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༦ པའི་ཚེས་ ༢ ཉིན་ས་གནས་ཨར་གྷའོ་མི་མང་གི་རེ་སྐུལ་ལྟར་འཐུས་མི་བསྟན་འཛིན་སྙིང་བུ་ལགས་གཙོས་རྒྱུན་ལས་རྣམ་པས་ཕྱག་འཚལ་ཞི་བའི་ལས་འགུལ་བ་རྣམ་གླིང་བློ་ལྡན་ལགས་ས་གནས་སྦེརན་ནས་འཇི་ནིའི་བའི་བར་ཞི་བའི་གོམས་འགྲོས་གནང་གི་ཡོད་པར་ཐུགས་གསོའི་འཚམས་འདྲི་དང་ལས་འགུལ་ལ་རྒྱབ་སྐྱོར་མཚོན་བྱེད་དུ་ས་གནས་ (YVERDON དང་ORBE )བར་ཆེད་བཅར་ཞུས་ཡོད་པ་རེད་འདུག།  །བློ་ལྡན་ལགས་ཁོང་ཉིད་ཕྱི་ཟླ་ ༧ པའི་ཚེས་ ༡ ཉིན་(GENEVA)དུ་འབྱོར་གྱི་ཡོད་པ་དང་དེའི་ཉིན་འཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་ཁོང་དང་གཞས་པ་ཁག་ཞིག་ནས་གཞས་སྣ་འཁྲབ་སྟོན་དང་འབྲེལ་བོད་དོན་ཐོག་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད་འདུག།།། འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 8 སྡོམས་རོགས།