ཞི་བདེའི་གཟེངས་རྟགས་ཀྱི་དུས་ཆེན།

༄༅།སྤྱི་ལོ་༢༠༡༧ཟླ་༡༢ཚེས་༡༦རེས་གཟའ་སྤེན་པའི་ཉིན་སུད་སུའི་ས་གནས་བྷུ་ལག་གྲོང་སྡེའི་ཚོགས་ཁང་ནང་དུ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༢༨ཧྲིལ་པོ་འཁོར་བའི་སྐལ་བཟང་གི་དུས་ཆེན་དགའ་སྟོན་གཟབ་རྒྱས་གནང་། དེ་ཡང་འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བའི་ལས་འགུལ་ཚོགས་པ(International Campaige to abolish Nuclear Weapons)ལ་གནང་ཡོད་པ་དང་།

ཚོགས་པ་དེ་ནི་གཞུང་འབྲེལ་མིན་པའི་ཚོགས་པ་བརྒྱ་ཕྲག་ཁ་ཤས་ལས་འདུས་བའི་ཚོགས་པ་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་འཛམ་གླིང་ཐོག་རྡུལ་ཕྲན་གོ་མཚོན་གྱི་གནོད་འཚེ་སོགས་མི་མང་ལ་གོ་རྟོགས་སྤེལ་རྒྱུ་དང་ཆིངས་ཡིག་བརྒྱུད་ནས་རྡུལ་ཕྲན་མཚོན་ཆ་འཚམས་འཇོག་གི་ལས་འགུལ་སྤེལ་རྒྱུ་དེ་ཡིན།ཚོགས་པ་དེ་ཕྱི་ལོ་༢༠༠༧ལོར་གསར་འཛུགས་གནང་པ་དང་༧གོང་ས་མཆོག་དང་ཡི་ཤུ་ཆོས་དཔོན་ Desmond Tutu དེ་བཞིན་སྐད་གྲགས་ཆེ་བའི་མི་སྣ་མང་པོ་ཞིག་གིས་དེར་རྒྱབ་སྐྱོར་གནང་ཡོད་པ་རེད།མཛད་སྒོའི་ཐོག་མ་གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་ཐོག།སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ་མཆོག་ནས་ད་ལྟའི་ཆར་བཙན་བྱོལ་བོད་མི་ཡོངས་ནས་མཐུན་སྒྲིལ་ལྡོག་རྩ་གཅིག་སྒྲིལ་བྱས་ནས་དབུས་བོད་མི་སྒྲིག་འཛུགས་དང་བཀའ་ཤག་གི་བཀའ་བརྩི་སྲུང་དང་བཀའ་ཤག་ལ་རམ་འདེགས་བྱེད་དགོས་སྐོར་དང་།སྤྱི་ཟླ་༢པའི་ནང་མཐུས་མི་གསར་འདེམས་ཆེད་ལྷག་བསམ་དང་སྤྱི་སེམས་ཡོད་པའི་མི་སྣ་འདེམས་སྐོར་གྱི་འབོད་སྐུལ་གནང་པ་དང་།རང་ཁ་རང་གསོའི་ལས་འགུལ་སྐོར་ལ་གསལ་བཤད་དང་མི་མང་ནས་གང་ཐུབ་ཅི་ཐུབ་གྱིས་རྒྱབ་སྐོར་དགོས་སྐོར་གསུངས།དེ་ནས་བོད་དོན་ལ་ལོ་མང་རིང་རྒྱབ་སྐོར་གནང་མཁན་ཙོ་རུག་མངའ་སྡེའི་བདེ་སྲུང་འགན་འཛིན་སྐུ་ཞབས་ MarioFehr ནས་གནས་ཡུལ་རྒྱལ་ཁབ་སུད་སི་ནང་ས་གནས་མང་པོར་བོད་མི་རྣམས་དང་ཡུལ་མི་བར་མཐུན་སྒྲིལ་ཡོད་པར་བསྔགས་བརྗོད་གནང་པ་དང་།རང་ཉིད་ཀྱི་མི་ཚེ་ནང་ཆེས་བརྗེད་དཀའ་བའི་དུས་ཤིག་ནི་༧གོང་ས་མཆོག་ཙོ་རུག་ལ་ཕེབས་སྐབས་སྐུ་དངོས་སུ་མཇལ་འཕྲད་གནང་རྒྱུ་བྱུང་བ་དེ་ཡིན་ཞེས་གསུངས།དེ་ནས་སུད་བོད་མཐུན་འབྲེལ་ཚོགས་པའི་ཚོགས་གཞོན་མཆོག་ནས་མཇར་མན་དང་བོད་སྐད་གཉིས་ཐོག་གསུང་བཤད་གནང་པ་དང་།དེའི་རྗེས་སུ་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་ནས་གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་བྱེད་དགོས་སྐོར་དང་ནང་པ་དང་ནང་པའི་རིག་གཞུང་གི་ཁྱད་པར་ཡོད་པའི་འགྲེལ་བཤད་གནང་།རང་གཞུང་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ནས་ཡང་༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བ་བརྟེན་ནས་གཟེངས་རྟགས་ཀྱི་མཐོང་འཛམ་གླིང་ཐོག་ཆེ་རུ་ཕྱིན་པ་དང་༧གོང་ས་མཆོག་རྒྱལ་ཁབ་དྲུག་ཅུ་ལྷག་ལ་ཞབས་ཀྱིས་བཅག་ནས་ཆོས་ལུགས་མཐུན་སྒྲིལ་དང་།བྱམས་དང་བཟོད་སྲན།ཁོར་ཡུག་སྲུང་སྐྱོབ་སྐོར་ལ་མཛད་པ་འཕྲིན་ལས་སྐྱངས་ཡོད་པའི་སྐོར་ལ་གསུང་བཤད་གནང་།ཡོ་རོབ་ཕྱོགས་གཞུགསབོད་མི་མང་སྤྱི་མཐུས་བྱམས་པ་ཚེ་རིང་མཆོག་ནས་བོད་མི་མང་སྤྱི་མཐུས་གྲོས་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སྒྲོགས་སྦྱངས་དང་སྙིང་དོན་མདོར་བསྡུས་ངོ་སྤྲོད་གནང་།དེ་བཞིན་ས་གནས་བོད་སློབ་ཁག་དང་ས་གནས་ཚོགས་ཆུང་ཁག།ཆོལ་ཁ་གསུམ་དང་དེ་བཞིན་གླུ་གར་ཚོགས་པ་འདྲ་མིན་ནས་གཞས་སྣ་འཁྲབ་སྟོན་གནང་ནས་དུས་དྲན་མཛད་སྒོ་ལེགས་སྒྲུབ་གནང་ཡོད་པ་རེད།
གསར་འགོད་པ་གཅན་ཤ་བོ་ནས།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 2 སམས་རགས།