ཛུས་རིག་གྲོང་འཁྱེར་ནང་བོད་རིགས་བྱིས་པས་རིག་གཞུང་ཁྲོམ་བསྐོར།

སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་སྐབས་བཅོ་ལྔ་པའི་འཐུས་ཚོགས་ཀྱིས་གྲོས་ཆོད་གཏན་འབེབས་གནང་དོན།  ༢༠༡༤  ཕྱི་ཟླ་  ༤ ཚེས་  ༢༧ རེས་གཟའ་ཉི་མ་ཉིན་འཐུས་མི་ཤྭ་བ་ཚེ་རིང་དོན་གྲུབ་དང་རྡོ་ཆུང་མགོན་པོ་རྣམ་རྒྱལ་ལགས་གཉིས་ཀྱིས་འགན་ཁུར་དང་འབྲེལ། སུད་ལིཀ་མི་མང་ཟློས་གར་གྱི་རྔ་རོལ་བ་རྣམས་ཀྱི་སྣེ་འཁྲིད་དེ་ས་གནས་ཁག་གི་བོད་རིགས་བྱིས་པ་ཉི་ཤུ་རྩ་ལྔ་ནས་ཁྲོམ་བསྐོར་འདིར་མཉམ་ཞུགས་གནང་བ་དང་།  དེ་བཞིན་རི་ཀོན་མཁན་རིན་པོ་ཆེ། ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལཊ།  ཚོགས་གཞོན་བསམ་པ་དོན་གྲུབ་ལཊ་བཅས་ཀྱིས་དཀར་གཙང་མཇལ་དར་སྒྲོན། ཟློས་གར་འགན་འཛིན་བདེ་ཤར་རྒྱ་མཚོ་ལཊ་དང་ན་གཞོན་ཕ་མ་སོགས་བོད་མི་མང་པོས་རྒྱབ་སྐྱོར་དང་ཕྱག་རོགས་གནང་བར་ཕེབས་ཡོད།  བོོད་ཀྱི་རྒྱལ་གླུ་དང་བདེན་ཚིག་སྨོན་ལམ་ལྷན་དུ་གསུངས་ནས་དབུ་བཙུགས་ཞུས་པ་དང་། ཁྲོམ་གཞུང་དུ་མི་མང་ཁྲི་ཕྲག་གིས་དགའ་ཚོར་དང་བཅས་བཀྲིས་བདེ་ལེགས་ཟེར་ཞིང་ལག་པ་བརྡབ་ནས་ཤ་ཚའི་རྣམ་འགྱུར་སྟོན་པ་སོགས་བོད་མིའི་ངོ་བོ་མཚོན་བྱེད་ཀྱི་ལས་དོན་གང་ལེགས་བྱུང་། ལོ་ལྟར་ཛུས་རིག་ཁྲོམ་བསྐོར་འདིར་ཚོགས་སྡེ་དང་རྒྱལ་ཁབ་བཞི་བཅུ་སྐོར་གྱི་བྱིས་པ་ཉིས་སྟོང་བརྒལ་བ་མཉམ་ཞུགས་ཐོག་ལྟ་མོ་བ་ཁྲི་ཕྲག་ཁ་ཤས་ཀྱིས་རྒྱན་ཆས་མཛེས་ཆོས་དང་སྙན་པའི་རོལ་དབྱངས་ལ་སྤྱོད་པའི་གོ་སྐབས་བླངས་ཡོད་པ་རེད། འཐུས་མི་ཤྭ་བ་ཚེ་རིང་དོན་གྲུབ་ཀྱིས་ཕུལ།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 1 སྡོམས་རོགས།