༢༠༡༣ ཕྱི་ཟླ་ ༦ ཚེས་ ༢༨ རེས་གཟའ་པ་སངས་དགོང་དྲོ་ཛུས་རིག་གྲོང་ཁྱེར་རྒྱ་ནག་གཞུང་ཚབ་ཏུ་ཞི་བའི་ངོ་རྒོལ་བྱས་པ།

དེ་ཡང་བཀའ་འཕྲོལ་སྔོན་ཚུད་ནས་ཞུས་ཐོབ་བཞིན་ཛུས་རིག་མེ་འཁོར་བབས་ཚུགས་ཉེ་འདབ་སྦུ་རུགལི་པིལཱ་ཚ་ས་ཁུལ་དུ་སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་གི་འཐུས་ཚོགས་སྐབས་བཅོ་ལྔ་པའི་གོ་སྒྲིག་ཞུས་དོན་མི་གྲངས་ ༢༥༠ སྐོར་འདུ་འཛོམས་ཀྱིས་ཁྲོམ་གཞུང་དུ་གོམ་བགྲོད་དང་བཅས་རྒྱ་གཞུང་ལས་ཁང་དུ་ཞི་བའི་ངོ་རྒོལ་བྱས་ཤིང་།


ད་རེས་ལས་འགུལ་འདིའི་ངོ་བོ་དམིགས་ཡུལ་ནི་བོད་ནང་རྒྱ་གཞུང་གིས་དྲག་གནོན་མནར་གཅོད་བཏང་དང་གཏོང་བཞིན་མ་ཚད།  རྫུན་གཏམ་ཧམ་བཤད་ཀྱིས་འཛམ་གླིང་ཡོངས་རྫོགས་མགོ་བསྐོར་གཏོང་ཐབས་བྱེད་པ་དང་།  མཁྲེགས་བཟུང་དང་ནོར་ཚབས་ཅན་གྱི་སྲིད་ཇུས་བཅས་ལ་འ་ཆད་འུ་ཐུག་གིས་རྒྱལ་གཅེས་དཔའ་བོ་དཔའ་མོ་  ༡༡༩ སྐོར་ནས་རང་ལུས་མེར་བསྲེགས་བཏང་ཡོད་ལ།  དེར་གདུང་སེམས་མཉམ་སྐྱེད་མཚོན་འབྱེད་ཡིན།  ཁོང་ཚོས་དགོས་འདུན་གཙོ་བོ་བོད་ནང་ཆོས་དད་རང་དབང་།  འགྲོ་བ་མིའི་ཐོབ་ཐང་།  སྨྲ་བརྗོད་དང་འགྲོ་འོང་རང་དབང་།  དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཆིབས་བསྒྱུར་གནང་དགོས་པ་བཅས་ཡིན།ཐོག་མར་ཚོགས་གཞོན་བསམ་པ་ལས་ནས་གུས་བསུ་དང་བཅས་ལས་རིམ་ངོ་སྤྲོད་ཞུས་པ་དང་།  མི་མང་གི་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ནས་གུས་བསུའི་འཚམས་ཞུ།  དེ་ནས་ཡུ་རོབ་གཞོན་ནུའི་སྐུ་ཚབ།  སུད་བོད་ཚོགས་གཙོ་སོགས་ནས་བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་མཚོན་འབྱེད་རྣོ་ངར་ལྡན་པའི་གསུང་བཤད་རིམ་པར་གནང་སོང་ལ།  དགོས་འདུན་ཡིག་ཆ་མཛད་གཙོ་རྣམ་པས་སྐོར་སྲུང་བའི་མཉམ་རྒྱ་གཞུང་ལས་ཁུངས་ཡིག་སྒམ་དུ་བླུག  རྡ་ས་རྣམ་རྒྱལ་གྲ་ཚང་གི་དགེ་འདུན་ནས་༧རྒྱལ་བའི་ཞབས་བརྟན་དང་བདེན་ཚིག་སྨོན་ལམ་གསུང་བསྐུལ་གནང་བ།  མི་མང་ཟློས་གར་ཚོགས་མི་རྣམས་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་ནས་རེ་ཞིག་མཇུག་འགྲིལ་གནང་སོང་བའི་གནས་ཚུལ་སྙིང་བསྡུས་སུ།  སྒོ་སྤེ་ཡོན་ཏན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 8 སྡོམས་རོགས།