ཛུ་རིག་རྒྱལ་སྤྱིའི་གནམ་ཐང་དུ་རིག་གཞུང་ཁྲོམ་ར་འཚོགས།

ད་རིང་ཕྱི་ཟླ་ ༡༠ ཚེས་ ༢༩ ཞོགས་པ་ཆུ་ཚོད་བཅུ་པ་ནས་ཉིན་རྒྱབ་ཆུ་ཚོད་གསུམ་པ་བར་ཛུ་རིག་རྒྱལ་སྤྱིའི་གནམ་ཐང་དུ་རིག་གཞུང་ཁྲོམ་ར་ཞེས་པའི་འདུ་འཛོམས་ཤིག་སུད་སི་པོརཊ་ (swissport) གནམ་གྲུ་ཚོང་ལས་སྡེ་ཚན་གྱིས་གོ་སྒྲིག་ཞུས།  རྒྱལ་ཁབ་འདྲ་མིན་དང་། སྐད་རིགས་འདྲ་མིན་ལྡན་པའི་ཚོང་ལས་སྡེ་ཚན་གྱི་ལས་མི་ཁྱོན་བསྡོམས་ ༥༠༠ ལྷག་ད་རིང་གི་འདུ་འཛོམས་ནང་མཉམ་ཞུགས་བྱུང་། ཚོང་ལས་སྡེ་ཚན་འདི་ནི་སུད་སི་ཛུ་རིག་རྒྱལ་སྤྱིའི་གནམ་ཐང་ནང་གི་སྡེ་ཚན་ཆེ་ཤོས་དང་ལས་བྱེད་མང་ཤོས་ཀྱི་ཚན་པ་ཞིག་ཡིན། ལས་བྱེད་ནང་རྒྱལ་ཁབ་འདྲ་མིན་དང་སྐད་ཡིག  རིག་གཞུང་མི་འདྲ་བ་དྲུག་ཅུ་ལྷག་བེད་སྤྱོད་གཏོང་མཁན་གྱི་ལས་མི་ཡོད་པ་ལས། བོད་མི་ལས་བྱེད་བདུན་ཡོད། ད་རིང་གི་རིག་གཞུང་ཁྲོམ་རའི་ནང་བོད་མི་ལས་བྱེད་རྫོང་གསར་བ་བཀྲིས། ལི་བརྒྱ་ཚང་རིན་ཆེན། མེ་ཏོག་འཁོར་ལོ་ཚང་།  སྤྱི་ཟུར་ཆོས་རྒྱལ་བསྟན་འཛིན་བཅས་ལས་བྱེད་བཞི་པོ་ནམ་རྒྱུན་ལྟར་གནམ་ཐང་ལས་བྱེད་ཀྱི་སྒྲིག་ཆས་མ་ཡིན་པར། བོད་ཆས་སྟོད་ཐུང་སྤྲས་ནས་ཞོགས་པ་ཆུ་ཚོད་བདུན་པར་མཉམ་འཛོམས་ཀྱིས་བོད་ཟས་འབྲས་སིལ། བོད་ཇ། ཤ་བག་ལེབ། ཞལ་ཟས་བཅས་ཟས་སྣ་བཞི་གོ་སྒྲིག་གིས་བོད་ཀྱི་རྒྱལ་དར་དང་། བོད་ཟས་གཤམས། རིག་གཞུང་ཁྲོམ་རའི་འདུ་ཚོགས་སུ་ཆ་ཤས་བླང་པོ་རྒྱལ་ཁབ་འདྲ་མིན་གྱི་ལས་རོགས་ཚོས་བོད་ཟས་མྱོང་བས། བོད་ཟས་ཀྱི་བྲོ་བར་དགའ་བ་དང་དམིགས་བསལ་བསྟོད་བསྔགས་ཐོབ།  བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཞིགས་པས་བོད་ལ་དམིགས་བསལ་ཟས་སྣ་ཡོད་པ་སོགས་བོད་ཀྱི་ཟས་སྣའི་སྐོར་འགྲེལ་བཤད་བསྡུས་ཙམ་བརྒྱབས་པས་མི་མང་དང་ལས་རོགས་ཚོས་དོ་སྣང་དང་དགའ་ཚོར་ཆེན་པོ་བྱས། བོད་ཀྱི་ཟས་སྣ་འགྲེལ་བཤད་རྒྱག་ཞོར་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཐུན་མོང་མ་ཡིན་པའི་ཆོས་སྐོར་རང་ཤུགས་ཀྱིས་ངོ་སྤྲོད་རོབ་ཙམ་བྱུང་།

རྒྱུན་ལྡན་བོད་མི་བདུན་པོའི་ལས་ཀའི་ངོ་བོ་ནི། འགྲུལ་པའི་ཕྱག་འཁྱེར་གཞིར་བཟུང་ཞབས་སྟེགས་གྲ་སྒྲིག་དང་། འགྲུལ་པའི་ལམ་ཡིག་ཞིབ་གཤེར། གནམ་གྲུ་ཉེན་སྲུང་དང་འབྲེལ་བའི་འགྲུལ་པ་ཞིབ་གཤེར་བྱ་རྒྱུ་སོགས་ཀྱི་ལས་འགན་རྣམ་གྲངས་འདྲ་མིན་ཡོད།སྤྱིར་ཛུ་རིག་རྒྱལ་སྤྱིའི་གནམ་ཐང་ནང་ལས་ཀ་འདྲ་མིན་གཉེར་མཁན་བོད་མི་སུམ་ཅུ་ལྷག་ཙམ་ཡོད།
ཆོས་རྒྱལ་བསྟན་འཛིན་གྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 8 སམས་རགས།